R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 279
[A:279]རབས་སོ་བཞིའི་ལུང་བརྒྱུད་ནི། རྒྱལ་བ་ཟས་གཙང་སྲས་པོ། མགོན་པོ་འཇམ་དབྱངས། འཕགས་པ་ཀླུ་སྒྲུབ། མཁས་མཆོག་དཔའ་བོ། འཇམ་དཔལ་གྲགས་པ། ཤཱནྟི་པ། སེའུ་རི་པ། འཇིགས་མེད་གྲགས་པ། དགེ་འབྱུང་སྦས་པ། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། ཆོས་ཀྱི་བཤེས་གཉེན། པུ་ཎྱ་ཤྲཱི། སྟེང་པ་ལོ་ཙཱ་བ། སོ་འཛམ་གླིང་རྒྱན། ལྷོ་པ་ཀུན་མཁྱེན། བླ་མ་རྒྱ། ཀརྨ་པ་རང་བྱུང་རྡོ་རྗེ།
འདི་ནས་བླ་མ་བཅུ་ཙམ་མ་རྙེད།
བཀའ་འགྱུར་བ་མགོན་པོ་པུ་ཎྱ། བཤེས་གཉེན་ཆེན་པོ་རིན་ཆེན་རྒྱ་མཚོ། དེས་བདག་གོ །ཡང་ན། སློབ་དཔོན་དཔའ་བོ་ནས་ལེགས་ལྡན་འབྱེད། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག་ཀུ་མཱ་ར་ལཀྵ། ཧ་སུ་མ་ཏི། ཛ་ཡ་ཨཱ་ནནྡ། ཁུ་ལོ་ཙཱ་བ། ལེགས་ལྡན་པ། གཙང་ནགས་པ། གཤེན་ཆུ་སྐོར་བ། གཙང་པ་ཇོ་ནག་པ། འོད་ཟེར་མགོན་པོ། འཇམ་དབྱངས་ཤཱཀྱ་གཞོན་ནུ། རྗེ་རང་འབྱུང་རྡོ་རྗེ་མན་འདྲའོ། ༈ །སྙན་ངག་མཁན་ཀུན་གྱི་གཙུག་ནོར་ཆོས་རྒྱལ་དགེ་བའི་དབང་པོས་མཛད་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་ཡལ་འདབ་བརྒྱ་དང་བདུན། ལེའུ་གཅིག་སྲས་ཟླ་བའི་དབང་པོས་མཛད་པ་དང་བཅས་ཡལ་འདབ་བརྒྱ་རྩ་བརྒྱད་ནི་དང་པོ་རྒྱལ་པོ་རབ་གསལ་སེམས་བསྐྱེད་དོ། །
རྟོགས་བརྗོད་འདི་རྣམས་ཀྱི་ལུང་ཁུངས་འདུལ་ལུང་སྨན་གཞི་ནའོ། །
༼དཱ༽དཱ་ན་
སྦྱིན་པ་སྟེ་སྦྱིན་པའི་ཕར་ཕྱིན་ལ།
གཉིས་པ་མི་བདག་དཔལ་
མདོ་སྡེ་སྣ་ཚོགས་ནས་
སྡེས་སྐུ་སྨད་བྱིན། །༼དཱ༽གསུམ་པ་གཙུག་
འདི་ཉིད་ཀྱི་མདོ་སྡེ་ན།
ན་ནོར་བུས་གཙུག་ནོར་སྦྱིན། །༼དཱ༽བཞི་པ་
འདུལ་བ་སྨན་གཞི་དང་མཛངས་བླུན་ན་
ང་ལས་ནུ་ཡིས་ལྷ་མི་བསྡུས། །༼དཱ༽ལྔ་པ་ས་སྐྱོང་ཟླ་འོད་
སྣ་ཚོགས་མདོ་དང་མཛངས་བླུན་ན་
དབུ་བྱིན་ནོ། །༼བཱི༽
བཱིརྱ་བརྩོན་འགྲུས་ཏེ།
དྲུག་པ་བ་ད་ར་གླིང་ནོར་བུ་བླངས། །བདུན་པ་མུ་ཏིག་
སྣ་ཚོགས་མདོ་སྡེ་དང་འདུལ་ལུང་སྨན་གཞི་ནས་
འཁྲི་ཤིང་བྲིས་སྐུས་གྲོལ། །བརྒྱད་པ་ཁྱིམ་བདག་
སྣ་ཚོགས་མདོ་དང་རྨ་