R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 294
[A:294]དང་ལོ་ཙཱ་བ་རིན་བཟང་གི་འགྱུར་༡༠༡། སློབ་དཔོན་བི་མཱ་ལས་མཛད་པའི་སྐྱབས་འགྲོ་ཡན་ལག་དྲུག་པ་འགྱུར་བྱང་མི་གསལ་བ་༡༠༢། ཇོ་བོ་ཆེན་པོ་ཨ་ཏི་ཤས་རྒྱལ་པོ་ནིར་ཡ་ཕ་ལ་ལ་བརྫངས་པའི་དྲི་མ་མེད་པ་རིན་པོ་ཆེའི་འཕྲིན་ཡིག་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར་༡༠༣། འདི་དང་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་གཉིས་ཚིག་ལ་མང་ཉུང་འདུག་པས་ལུང་སོ་སོར་བཀླག་གོ །དེ་ལྟར་ཆོས་ཚན་བརྒྱ་དང་གསུམ་གྱི་ལུང་ལེགས་པར་ནོས་པའི་བརྒྱུད་པ་ནི། གནས་ལྔ་རིག་པའི་པཎ་ཆེན་དཱི་པཾ་ཀཱ་ར། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། ཆུ་མིག་པ་ཤེས་རབ་གྲགས། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། རྒྱང་རོ་བྱང་ཆུབ་འབུམ། མཆིམས་བློ་བཟང་གྲགས་པ། ཡོལ་སྟོན་བསོད་ནམས་ལྷུན་གྲུབ། སློབ་དཔོན་གྲགས་པ་རྒྱ་མཚོ། མཁན་ཆེན་གྲུབ་པ་ཤེས་རབ། རྒྱ་སྟོན་ཙནྡྲ་དེ་བ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། འགར་སྟོན་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་ཆོས་འཕེལ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་དཔལ་ལྡན། ཤར་པ་བྱམས་པ་ཀུན་དགའ་བཀྲ་ཤིས། སྒྲུབ་ཁང་པ་མཁས་གྲུབ་དཔལ་ལྡན་དོན་གྲུབ། རྒྱལ་ཀུན་ངོ་བོ་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། རབ་འབྱམས་པ་རིན་ཆེན་རྒྱ་མཚོ། དྲིན་ཅན་ཐེག་མཆོག་གླིང་པ་གྲུབ་པའི་དབང་ཕྱུག་འཇམ་དབྱངས་རྣམ་རྒྱལ། དེས་བདག་ལ་དགྱེས་པ་ཆེན་པོས་བསྩལ་ཏོ། ༈ །བཀའ་གདམས་གླེགས་བམ་ནས་བུ་ཆོས་ཚང་མའི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། རྩ་ཚིག་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ། བྱང་ཆུབ་སེམས་དཔའ་