R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 295
[A:295]ནོར་བུའི་ཕྲེང་བ་ལེའུ་ཉི་ཤུ་རྩ་གསུམ་ནི། འབྲོམ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་བསྟན་པ་ལས་རྔོག་ལེགས་པའི་ཤེས་རབ་ཀྱིས་ཞུས་པའི་རྔོག་ཆོས་ཉི་ཤུ། ཁུ་ཆེན་པོས་ཞུས་པའི་ཁུ་ཆོས་གཉིས་དྲིལ་ནས་ཉི་ཤུ་རྩ་གཉིས། ངོ་མཚར་བའི་གཏམ་ཐོར་བུ་རྣམས་ལོ་ཙཱ་བ་ལ་སོགས་པའི་རྗེའི་སྲས་དམ་པ་རྣམས་ཀྱིས་ཟུར་དུ་གླེངས་པས་ཁ་བསྐང་བ་སྟེ་ལེའུ་ཐ་མ་ཉེར་གསུམ་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཇོ་བོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། གསང་ཕུ་བ་རྔོག་ལེགས་པའི་ཤེས་རབ། མངའ་རིས་པ་ཤེས་རབ་རྒྱལ་མཚན། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། འབྲོམ་རིན་ཆེན་རྒྱལ་མཚན།
ཡང་འབྲོམ་གྱིས་ལོགས་སུ་ནན་གྱིས་བཏབ་པའི་བཀའ་རྒྱ་ཆེན་མོ། དེས་མཛད་པའི་རང་རྒྱུད་ལ་བསྐུལ་མ་གདབ་པ་དད་པའི་ལྗོན་ཤིང༌། ལྷ་ཆོས་བདུན་ལྡན་གྱི་འཁོར་ལོ་བསྐོར་བའི་སྐབས་སུ་ནན་གྱི་སྒོ་ནས་བཀའ་རྒྱ་བཏབ་པའི་ལེའུ་ཕ་ཆོས་ཉི་ཤུ་རྩ་དྲུག་གི་ཡ་གྱལ་གཅིག་ཟེར་བ། ཕ་ཆོས་ཉི་ཤུ་རྩ་དྲུག་ལས་མ་འོངས་ལུང་བསྟན་པའི་ལེའུ་སྟེ་ཕ་ཆོས་ཉི་ཤུ་རྩ་དྲུག་པོའི་ཡ་གྱལ་གཅིག །ཡང་མགོར་གུ་རུ་སརྦ་ན་མོ། དབྱིངས་སྟོང་དག་པའི་སོགས། གཤམ་ན། འདི་ནི་བདག་གི་བཀའ་རྒྱའོ་སོགས། འདི་ནི་ནན་གྱིས་བསྟན་པའི་བཀའ་རྒྱའོ་སོགས་ཀྱི་ལུང་ཐོབ་བརྒྱུད་ཀྱང་འདྲའོ། །
ཁང་སྟོན་དར་མ་རྒྱལ་མཚན། འབྲོམ་བྱང་ཆུབ་བཟང་པོ། སྟོན་པ་ནམ་མཁའ་རིན་ཆེན། འབྲོམ་གཞོན་ནུ་བློ་གྲོས། སྣར་ཐང་མཁན་པོ་ཉི་མ་རྒྱལ་མཚན། གླིང་ཁ་བ་རིན་ཆེན་བྱང་ཆུབ། སྒ་ལུང་པ་རིགས་ཀྱི་བདག་པོའི་དཔལ། སྒ་ལུང་པ་བྱང་ཆུབ་དཔལ། ཉུག་པའི་སློབ་དཔོན་བསོད་ནམས་འོད་ཟེར། སངས་རྒྱས་བཟང་པོ། བྱ་བྲལ་བ་བསོད་ནམས་བཟང་པོ། བླ་མ་དཔལ་ལྡན་པ། སྟག་ཚང་ཆོས་འཁོར་ནམ་མཁའ་འོད་ཟེར། པ་ཚབ་དགའ་གདོང་