R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 27
[A:27]བྱས་པའང་འདུག
།འཕན་ཡུལ་བ་ཤེས་རབ་གྲགས། གྲུབ་ཐོབ་ཤེས་རབ་རྩེ། མངོན་པ་བ་དབང་ཕྱུག་བརྩོན་འགྲུས།
མངོན་པ་བ་འདི་ནས་འཕགས་པ་རིན་ཆེན་ལ་བརྒྱུད་ཀྱང་རུང་ངོ༌།
ཁང་སྟོན་འོད་ཟེར་རྒྱལ་མཚན། བླ་མ་ཡེ་ཤེས་དཔལ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཐོག་སྟོན་ཆོས་ཀྱི་རྒྱ་མཚོ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཡང༌། ཆོས་རྗེ་ས་པཎ། འགྲོ་མགོན་འཕགས་པ། ཞང་དཀོན་དཔལ། བྲག་ཕུག་པ། བླ་མ་དམ་པ་ནས་སྔར་བཞིན་ནོ། །ཡང་ན། དཔལ་ཤཱཀྱ་ཀུན་དགའ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ ། ༈ རྗེ་བཙུན་བདག་མེད་མའི་ལུས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་པ་ནི། བྲག་ཐོག་པ་ཡན། ཕྱིའི་རྒྱུ་དབང་བཞིན་ལས། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། མཁས་གྲུབ་རིག་པའི་གློག་ཕྲེང༌། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། ཡོངས་འཛིན་ཤཱཀྱ་ཀུན་དགའ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་ཚུལ་ཁྲིམས་ཞབས། དེས་བདག་གོ །ཡང་ན། བྱམས་པ་ཆོས་དཔལ་འབྱོར། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། པཎ་ཆེན་བདེ་བའི་རྡོ་རྗེ། བླ་མ་ལྷ་དབང་ཕྲིན་ལས། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ ། ༈ དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱིའི་རྒྱུ་དབང་དང༌། ཕྱིའི་ལམ་དབང་ཞུས་ནས། ཁྲིད་དང་བྱིན་བརླབས་ཐོབ་པའི་སྐོར་ལ། ཁྲིད་ཡིག་སྦས་དོན་གསལ་བའི་སྟེང་ནས་ཕྱག་ལེན་བཞིན་འཛིན་ཆོས་བློ་ནས་ཐོན་ངེས་ཀྱི་ཁྲིད་དང་དུས་མཉམ་དུ་རྡོ་རྗེ་ཚིག་རྐང་འཛིན་ཆོས་ཁྲིད་དང་རྫོགས་མཉམ། རྡོར་སེམས་བསྒོམ་བཟླས་གོང་དུ་ཡིག་བརྒྱའི་བཟླས་ལུང་ཁྱོན་སྡོམས་ལན་བཞི་ཐོབ།
ཡན་ལག་ལྔ་སྦྱོང་སྟོན་པའི་ནུབ་མོ་ཙམ་རྡོ་རྗེ་ཚིག་རྐང་དང༌། འཁོར་འདས་དབྱེར་མེད་