R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 26
[A:26]ཆེན་ཆུ་ཁྱི་ལོར་འཁྲུངས་སློབ་དཔོན་རྩེ། །རབ་བྱུང་མེ་ཡོས་ལོར་འཁྲུངས་གྲགས་པའི་ཞབས། །དགེ་བྱེད་ཆུ་སྟག་ལོར་འཁྲུངས་པཎྜི་ཏ། །མྱོས་བྱེད་ཤིང་ལུག་ལོར་འཁྲུངས་འཕགས་པའི་ཞབས། །ཀུན་ལྡན་ལྕགས་བྱི་ལོར་འཁྲུངས་ཞང་སྟོན་རྗེ། །དབང་ཕྱུག་མེ་གླང་ལོར་འཁྲུངས་བྲག་ཕུག་པ། །
མཚམས་འདིར་མ་དཔེའི་ཤོག་གྲངས་ཉེར་གཅིག་གི་རྒྱབ་ཤོག་ཏུ་ཡིག་ཕྲེང་བཞི་ཙམ་སྟོང་པར་བཞག་འདུག །
ལམ་འབྲས་གཞུང་བཤད་དུས་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། མངོན་རྟོགས་རྗེ་བཙུན་གྲགས་པ་དང༌། འཕགས་པ་རིན་པོ་ཆེ། དཀྱིལ་ཆོག་མན་ངག་ལུགས་ལ་སློབ་དཔོན་རྩེ་མོས་ཁམས་པ་ནེ་ཙོ་སྦས་སྟོན་ལ་གནང་བ་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཡབ་བཀའ་བཞིན། རྡོ་རྗེ་འཆང༌། བདག་མེད་མ་ནས་ཆོས་རྗེ་ས་པཎྜི་ཏའི་བར་དེ་ལ་ཁྱད་པར་དབུས་པ་མངོན་
རྟ་ར་མདོ་སྲིན་ལུང་དགོན་པ་ན་
པ་བ། ཞང་མདོ་སྡེ་དཔལ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། སྔགས་འཆང་ཡོན་ཏན་རྒྱ་མཚོ། བླ་མ་ཤཱཀྱ་ཀུན་དགའ། བླ་མ་
རྣམ་རྒྱལ་ཆོས་གླིང་པ་
བྱང་ཆུབ་དཔལ་བཟང༌། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས།
རྗེ་རིན་ཆེན་རྒྱ་མཚོ། བླ་མ་ཕྲིན་ལས་རྣམ་རྒྱལ། བྱམས་པ་བསྟན་པ་རྒྱ་མཚོ། རྗེ་བཙུན་བསོད་ནམས་བློ་གྲོས། སྒྲུབ་མཆོག་བསོད་ནམས་རྣམ་རྒྱལ། རོང་པ་དཀོན་མཆོག་སྦྱིན་པ། མཚུངས་མེད་ཀུན་དགའ་དབང་རྒྱལ། བཀའ་དྲིན་མཚུངས་མེད་ཕུན་ཚོགས་ཆོས་འཕེལ། དེས་བདག་ཚུལ་མིང་ལའོ།
།དེས་བདག་གོ །ཡང་ན། བླ་མ་དཔལ་ལྡན་པ། མཁན་ཆེན་ཤེས་རབ་རྡོ་རྗེ་སོགས། ཡང་ན། ས་ཆེན་ཡན་གོང་བཞིན་ལ། ཁམས་པ་ནེ་ཚོའམ་སྦས་སྟོན། བྱེ་ལུང་པ། གླན་མི་དགེ་སློང་
འདི་གཉིས་གཅིག་ཏུ་