R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 303
[A:303]ལོ་པཎ་གོང་འདྲའི་འགྱུར། དཔལ་སྣོད་གནས་སེར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། ཨུཙྪུཥྨ་ཛམྦྷ་ལ་ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབས་རྣལ་འབྱོར་པ་དགའ་བ་སྦྱིན་གྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། ནོར་རྒྱུན་མ་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། ཁྲོ་གཉེར་ཅན་སེར་མོ་ཕྱག་བཞི་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྣམ་སྣང་སྒྱུ་དྲ་ནས་གསུངས་པའི་བྱམས་པ་དམར་སེར་ཞལ་གསུམ་ཕྱག་བཞི་པའི་སྒྲུབ་ཐབས་འཕགས་པ་ཐོགས་མེད་ཀྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། གུར་ནས་གསུངས་པའི་ཤེར་ཕྱིན་དཀར་མོ་ཕྱག་གཉིས་པའི་སྒྲུབ་ཐབས་སངས་རྒྱས་ཀྱིས་གསུངས་པ་ལོ་པཎ་གོང་འདྲའི་འགྱུར། གདན་བཞི་དང་སཾ་པུ་ཊི་ནས་གསུངས་པའི་ཤེར་ཕྱིན་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་སློབ་དཔོན་དགེ་འདུན་བྱིན་གྱི་སྲས་ཀྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། ཤེར་ཕྱིན་སེར་མོ་ཕྱག་གཉིས་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲ།
འདི་དང་འོག་གི་མདོར་བསྡུས་པའི་ཤེར་ཕྱིན་ལ་རྗེས་གནང་གཅིག །འོན་ཀྱང་འདི་སྔགས་རིང་ཞིང༌། འོག་མ་ལ་ཤུ་བྷམ་མན་ལས་མེད་རུང་སྔགས་གཉིས་ཀའི་རྗེས་བཟློས་བྱས་པས་འཐུས་གསུང་ངོ༌། །
ཤེར་ཕྱིན་སེར་མོ་ཕྱག་གཉིས་མ་ལོ་པཎ་གོང་འདྲའི་འགྱུར།
འདི་དང་འོག་གི་གསེར་མདོག་ཅན་གྱི་ཤེར་ཕྱིན་ལ་རྗེས་གནང་གཅིག །སྔགས་མི་མཐུན་པས་རྗེས་གནང་སོ་སོར་དགོས་སམ་སྙམ།
མི་གཡོ་བ་སྔོན་པོ་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་པྲ་བྷ་ཨ་ཀ་ར་ཀཱིརྟིས་མཛད་པ། གཏུམ་པོ་སྔོན་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར།
འདི་གཉིས་ལ་རྗེས་གནང་གཅིག །
རྡོ་རྗེ་ཧཱུཾ་མཛད་ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རི་ཁྲོད་མ་སེར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་