R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 304
[A:304]ཐབས། རི་ཁྲོད་ལོ་མ་གྱོན་མའི་
འདི་ལ་རྗེས་གནང་མེད་
གཟུངས། དགྲ་ནག་ནས་གསུངས་པའི་རྡོ་རྗེ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། བགེགས་དགྲ་སྔོན་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རལ་གཅིག་མ་ནག་མོ་ཕྱག་བཞི་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། དུག་སེལ་མ་སེར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། དུག་སེལ་མའི་གཟུངས་ལོ་པཎ་གོང་འདྲའི་འགྱུར།
འདི་ལ་རྗེས་གནང་མེད།
རིག་བྱེད་མ་དཀར་དམར་ཕྱག་བཞི་མའི་སྒྲུབ་ཐབས་བ་རིའི་འགྱུར། རྟོག་པ་ལས་གསུངས་པའི་རིག་བྱེད་མ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། སྒྲོལ་མ་མངོན་བྱུང་ནས་འབྱུང་བའི་རིག་བྱེད་མ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། ཨོ་རྒྱན་ནས་འབྱུང་བའི་རིག་བྱེད་མ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར།
འདི་དང་འོག་གི་རིག་བྱེད་མ་སྡོམས་རྗེས་གནང་གཅིག །
ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ས་ར་ཧས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། གང་བ་བཟང་པོའི་རྒྱུད་ནས་བཤད་པའི་ནོར་རྒྱུན་མ་གཙོ་བོར་གྱུར་པའི་དཔལ་སྣོད་གནས་ལྷ་ཉི་ཤུ་རྩ་བདུན་གྱི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྒྱ་ནག་རིམ་པའི་སྒྲོལ་མ་ནག་མོ་ཕྱག་བཞི་མའི་སྒྲུབ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། གུར་ནས་འབྱུང་བའི་རྡོ་རྗེ་སྒྲོལ་མ་སེར་མོ་ཞལ་བཞི་ཕྱག་བརྒྱད་མ་ལྷ་བཅུ་གཅིག་གི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། གཤིན་རྗེའི་གཤེད་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྣམ་སྣང་སྒྱུ་དྲ་ནས་གསུངས་པའི་གཙོ་རྐྱང་རྣམས་ལས་སོ་སོ་འབྲང་མ་