R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 334
[A:334]པ་ལ། ཧེ་རུ་ཀའི་ཡིག་བརྒྱ་བཟླ་བའི་མན་ངག་དང༌། ཀྱེ་རྡོར་དཔའ་བོ་གཅིག་པའི་སྒྲུབ་ཐབས་༦། ཀྱེ་རྡོ་རྗེའི་མངོན་པར་རྟོགས་པ་ཡིད་བཞིན་ནོར་བུ་༡༧། རྡོ་རྗེ་ཁྲོ་བོ་ཕྲིན་ལས་བསྐུལ་བའི་ཚུལ་དང༌། བསྙེན་སྒྲུབ་ཡན་ལག་བཞི་དང་དྲུག་གི་ཁྱད་པར་༤། གཙོ་འཁོར་གྱི་བསྙེན་པའི་གྲངས་དང་གོ་རིམ། རྒྱུད་སྡེ་གོང་འོག་གི་བསྙེན་པའི་ཚུལ་དྲིས་ལན་༢། དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་ཇིན་གིམ་མ་༢༩། ཀྱེ་རྡོ་རྗེའི་བདག་འཇུག་དཔལ་འབྱུང་མ་༡༤། ཀྱེ་རྡོ་རྗེའི་དབང་གོང་མ་གསུམ་གྱི་ཕྱག་ལེན་གྱི་རིམ་པ་༣། ༼ཀ༽ལམ་གྱི་སྔོན་འགྲོ་༧། ༼ཀ༽ཀྱེ་རྡོ་རྗེའི་ལུས་དཀྱིལ་༣། ༼ཀ༽ལམ་དུས་ཀྱི་དབང་རྒྱས་པ་༢། ༼ཀ༽ཚོགས་སྦྱོར་མངོན་རྟོགས་༣། ༼ཀ༽དབང་གསུམ་པའི་ལམ་༣། ༼ཀ༽འཕོ་བའི་རྣལ་འབྱོར་༣། ༼ཀ༽ལམ་འབྲས་བུ་དང་བཅས་པའི་རྡོ་རྗེའི་ཚིག་རྐང་གི་འགྲེལ་པ་༦༡།
ཆོས་ཚན་བདུན་པོ་འདི་རྣམས་ལམ་འབྲས་ཁོངས་ཡིན་པས་ལུང་མི་གནང༌།
ཀྱེ་རྡོ་རྗེའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་བདུད་རྩི་བུམ་པ་༥། ཚོགས་འཁོར་བདུད་རྩི་བུམ་པ་དང་བདུད་རྩི་འབྱུང་བ་༤། བདག་མེད་ལྷ་མོ་བཅོ་ལྔའི་སྒྲུབ་ཐབས་༡༡། རྡོ་རྗེ་བདག་མེད་མའི་བསྟོད་པ་༢། རབ་གནས་སཾ་གྷ་མི་ཏྲ་མ་༥། གསང་འདུས་མི་བསྐྱོད་པའི་དབང་ཆོག་སྒྲ་གཅན་འཛིན་བཤེས་གཉེན་གྱིས་མཛད་པའི་གསལ་བྱེད། དེའི་རྒྱ་གཞུང་གི་ས་བཅད་༣༤། ཡེ་ཤེས་ཞབས་ཀྱི་རྣམ་ཐར་༥། དཔལ་གསང་བ་འདུས་པ་ལྷ་དགུའི་སྒྲུབ་པའི་ཐབས་རིན་པོ་ཆེའི་ཕྲེང་བ་༡༣། དཔལ་གཤིན་རྗེ་གཤེད་དགྲ་ནག་པོའི་སྒྲུབ་པའི་ཐབས་བསྡུས་པ་༨། འཇིགས་བྱེད་ཞེ་དགུ་ཞི་ཁྲོ་རྣམ་པར་རོལ་པའི་སྒྲུབ་ཐབས་༦། རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ཞལ་ཕྱག་ཡོངས་རྫོགས་ཀྱི་མངོན་རྟོགས་༧། རྡོ་རྗེ་འཇིགས་བྱེད་ཕྱག་དྲུག་པའི་སྒྲུབ་ཐབས་ཚོགས་ཀྱི་འཁོར་ལོ་དང་བཅས་པ་༥། རྡོ་རྗེ་འཇིགས་བྱེད་ཕྱག་དྲུག་པའི་སྒྲུབ་