R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 335
[A:335]ཐབས་༣། རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས་༣། ཡ་མཱན་ཏ་ཀའི་སྒྲུབ་ཐབས་༣། དཔལ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་༡༢། དཔལ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་༤། གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་༨། དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་༦། དཔལ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་པའི་ཐབས་འཇིགས་པ་མེད་པ་རྣམ་པར་རོལ་པ་༦། གཤེད་དམར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་༣རྣམས་སོ། །
ཁྱོན་༣༠༢
༼ཌ༽པ་ལ། དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་པའི་ཐབས་རིམ་པ་གསལ་བ་༡༦། དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་པའི་ཐབས་ཉུང་ཞིང་གསལ་བ་༩། བདེ་མཆོག་དྲིལ་བུ་པའི་མངོན་རྟོགས་༧། དྲིལ་བུ་པའི་ལུས་དཀྱིལ་གྱི་བདག་འཇུག་༡༠། དྲིལ་བུ་པའི་དབང་གི་བྱ་བ་མདོར་བསྡུས་པ་༢། འཁོར་ལོ་སྡོམ་པའི་རིམ་ལྔའི་མན་ངག་༧། བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་༩། བདེ་མཆོག་ནག་པོ་པའི་མངོན་རྟོགས་སྒྲུབ་ཐབས་སྙིང་པོ་༡༣། བདེ་མཆོག་ནག་པོའི་དཀྱིལ་ཆོག་༡༥། བདེ་མཆོག་ནག་པོ་པའི་དབང་གི་སྡོམས་༣། བདེ་མཆོག་ནག་པོ་པའི་མཆོད་ཕྲེང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་༡༣། ལྷ་མོ་བཅུ་དྲུག་གི་མཆོད་པ་གཉིས་༣། བདེ་མཆོག་གི་བསྟོད་པའི་རབ་བྱེད་༣། སྒོ་མཚམས་མ་རྣམས་ལ་བསྟོད་ཅིང་བསྐུལ་བ་༥། བདེ་མཆོག་ནག་པོ་པའི་སྦྱིན་སྲེག་གི་སྡོམས་༡༥། བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ཡན་ལག་བཅུ་པ་༤། དཔལ་འཁོར་ལོ་བདེ་མཆོག་ལྷན་སྐྱེས་སྒྲུབ་ཐབས་བསྡུས་པ་༣། ཁ་ཆེ་རིན་ཆེན་རྡོ་རྗེའི་བཀྲ་ཤིས་ཀྱི་ཁ་སྐོང་དང་བཅས་པའི་བཀྲ་ཤིས་གཉིས་༣། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་༢། རྗེ་བཙུན་མ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་ཐབས་༡༠། ནཱ་རོ་མཁའ་སྤྱོད་ཀྱི་མངོན་རྟོགས་༢། རྡོ་རྗེ་རྣལ་འབྱོར་མའི་སིནྡྷུ་