R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 339
[A:339]ལུས་ཆར་སྤྲིན་ལ་སོགས་ཚིགས་བཅད་བཞི་༣། རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པ་ཞེས་པ་༤། རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པའི་བསྡུས་དོན་༣། རྒྱལ་བུ་ནོ་མོ་གན་ལ་སྤྲིངས་ཡིག་༦། རྒྱལ་པོ་ཧོ་ཀོའི་དོན་དུ་མཛད་པའི་ཆོས་ཀྱི་རྣམ་གཞག་༩། རྒྱལ་པོ་དེ་གུས་མོག་ལ་གདམས་པ་བདུད་རྩི་འབྱུང་བ་༤། རྒྱལ་པོ་དེ་མུར་བྷོ་ག་ལ་གདམས་པ་ཟླ་བའི་འོད་ཟེར་༣། སྒྲུབ་པའི་རིམ་པ་གསལ་བ་དཔོན་མོ་སུན་དྷ་རིས་ཞུས་པ་༦། རྒྱལ་པོ་ཇིམ་གིན་ལ་བསྟན་འཁྲ་སྒྲ་མདའ་དང༌། ས་སྐྱར་རྨ་ཆུ་འགྲམ་ནས་བསྐུར་བའི་ཆབ་ཤོག་གསུམ། ཨ་ཙ་ར་ལ་གདམས་པ་༣། རྒྱལ་པོ་ཇི་བིག་ལ་ལོ་གསར་ལོབསྐུར་བ་༢། ཡི་གྱང་ཇུས་བསྐུལ་ནས་བསྐུར་བ་༢། རྒྱལ་བུ་ལ་བསྐུར་བ། ཟག་མེད་ཆོས་དབྱིངས་མ་འདི་རྒྱལ་བུ་བྱང་ཆུབ་སེམས་དཔའི་སྙན་དུ་ཞུ་བའི་ཚིགས་བཅད་གཅིག་༣། སྙན་ངག་རྒྱུན་ཆགས་༣། སྔགས་པར་འོས་པའི་རབ་བྱེད་༢། གང་གི་སྲིད་གསུམ་མ་༢། རིན་ཆེན་དཔའ་ཤི་ལ་སྤྲིང་པ་༢། ཆང་ལ་སྔགས་པའི་རབ་བྱེད་བདུད་རྩི་བུམ་པ། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་བདེ་བ་ཅན་དུ་གཤེགས་པའི་ཚེ་དབུས་གཙང་གི་གྲྭ་པ་རྣམས་ལ་གནང་བའི་བཀའ་ཤོག་༣། གཟའ་ལྔ། ལྔ་བསྡུས་སྒྲ་གཅན་གྱི་རྩིས་རིན་པོ་ཆེའི་འོད་ཟེར་༤། དུས་གསལ་སྒྲོན་མེ་རྒྱས་བསྡུས་གཉིས་༧། གདོང་
༼གདོད་༽
མའི་དུས་གསལ་བར་བྱེད་པ་ཞེས་བྱ་བའི་རྩིས་༢། རྩིས་ཀྱི་གཙུག་ལག་མཐུན་པར་ངེས་པ་༢། དྷྲུ་བ་གཉིས་པ་ཞེས་བྱ་བའི་རྩིས་༢། ལོ་བདག་གི་རྩིས་ཉི་ཤུ་རྩ་གཉིས་པ་༢། རྟེན་ཅིང་འབྲེལ་པར་འབྱུང་བའི་གཙུག་ལག་གི་དེ་ཁོ་ན་ཉིད་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བ་དང༌། སངས་རྒྱས་བལྟམས་པ་ལ་སོགས་པའི་དུས་རྩིས་༩། བདེ་བར་གཤེགས་པའི་གསུང་རབ་འགྱུར་རོ་འཚལ་བཞེངས་པའི་གསལ་བྱེད་སྡེབ་སྦྱོར་གྱི་རྒྱན་རྣམ་པར་བཀྲ་བ་༥། ཆོས་བཞེངས་པའི་མཚོན་བྱེད། ཚོགས་