R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 338
[A:338]དཀར་ལས་བྱུང་བའི་ཆ་ཤས་ཀྱི་དོན་༧། སྐྱོ་བའི་གཏམ། ཚིགས་སུ་བཅད་པ་སུམ་ཅུ་རྩ་ལྔ་པ་༣། ཐེག་པ་ཆེན་པོའི་མན་ངག་ཡང་དག་པར་བསྡུས་པ་༦། ཟིན་ཤིང་གི་སྟོན་པ་བཅུ་བདུན། ཕམ་པར་མཛད་པའི་དུས་སྦྱར་བའི་ཚིགས་བཅད་དང༌། དགེ་གཤེས་ཀྱི་མཚན་ཉིད་༢། ཟབ་མོ་ཉམས་སུ་ལེན་ཚུལ་དང༌། ཡན་ལག་བདུན་གྱི་གཏམ་༢། སྙིགས་མའི་དུས་འདིར་སྙིགས་མའི་ངང་ཚུལ་ཅན། །ཞེས་པའི་ཚིགས་བཅད་༢། ཀ་མད་སུམ་ཅུའི་ཚིགས་བཅད། ཡང་དག་ལམ་ལ་ཞེས་པའི་ཚིགས་བཅད་༢། གང་གི་བསོད་ནམས་མ་༢། སྟོན་པ་བརྩོན་འགྲུས་ཀྱིས་དྲིས་ལན་༣། བྲམ་ཟེའི་པཎྜི་ཏ་ལཀྵྨཱི་ཀ་ར། ཤོང་སྟོན་ལོ་ཙཱ་བ། རྭ་དབོན་པོ་རྣམས་ལ་བསྐུར་བ་༢། བཅོམ་ལྡན་རལ་གྲི་ལ་སྤྲིང་པ་༢། སྤྱི་བོ་ལྷས་པའི་དགེ་གཤེས་བྱང་སེང་ལ་བསྐུར་བ་༢། ཁྲོ་ཕུ་བ། ཆག་ལོ། དབུས་ཀྱི་མཚན་ཉིད་པ་སྤྱི། བཀའ་གདམས་པ་སྤྱི། སྟག་ལུང་པ་རྣམས་ལ་བསྐུར་བ། དབུས་ཀྱི་སྒོམ་ཆེན་པ་སྤྱི་ལ་བསྐུར་བ་༢། གང་ལ་སངས་རྒྱས་ཆོས་ཚོགས་ཀུན་ཞེས་དགེ་བསྙེན་གཅིག་ལ་གདམས་པ་༢། དགེ་ཚོགས་དཔག་མེད་མ་༣། དགེ་སློང་དབང་ཕྱུག་འབུམ་གྱི་དྲིས་ལན་༤། དགེ་བཤེས་ཚ་བ་རོང་པ་ལ་སྤྲིང་ཡིག་དང་ཚོགས་གཉིས་རྒྱ་མཚོ་མ་༢། གྲགས་རིན་གྱི་དྲིས་ལན་༢། སེང་གེའི་མཐའ་ཅན་གྱི་དྲིས་ལན་༣། གདམས་པ་བདུད་རྩི་ཐིགས་པ། རིག་པར་སྨྲ་བ་གྲགས་བཟང་ལ་སྤྲིང་ཡིག །བདེན་གཉིས་རྣམ་ངེས། ཟབ་མོ་སྣང་བའི་རབ་བྱེད་༣། རྒྱལ་བུ་ཇི་བིག་ལ་གདམས་པ། དཔོན་མོ་དུ་གལ་དུར་མི། རྒྱལ་བུ་ཇི་གིན་རྣམས་ལ་སྤྲིང་ཡིག་༢། ཧོ་ཀོ་གྲགས་བཟང༌། སྟོན་གཞོན་རྣམས་ལ་སྤྲིང་ཡིག །གོས་དར་སྟོང་ཕྲག་བཅོ་ལྔ་དང་དགུ་རྒྱ་བཞི་བཅུ་ཕུལ་བའི་མཆོད་བརྗོད་བསྔོ་བ། འདི་ལ་མི་དམིགས་མ། ཡན་ལག་དྲུག་ཅུ་ལྡན་པ་མ། གང་