R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 345
[A:345]ཐབས། རིམས་ནད་བཅད་པ་རྣམས་ཀྱི་བརྒྱུད་པ་ནི། བླ་མ་ས་ཆེན། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། ཤར་པ་གཅེན་ཤེར་འབྱུང༌། གཅུང་རྡོ་རྗེ་འོད་ཟེར། འཇམ་དབྱངས་རིན་རྒྱལ། བྱང་ཆེན་པ། གཞོན་ཚུལ། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ། །བླ་མ་ས་སྐྱ་པ་ཆེན་པོའི་སྐབས་སོ། །ད་ནི་སློབ་དཔོན་རིན་པོ་ཆེ་རྩེ་མོའི་བཀའ་འབུམ་ལས། བླ་མ་དམ་པ་ལས་བླངས་པ། ༼ཁི༽ཡིག་གི་རྟགས་ཅན། ས་སྐྱ་པ་ཆེན་པོ་ལ་བསྟོད་པ། ཀྱེ་རྡོར་བརྒྱུད་པའི་གསོལ་འདེབས་དང་བཅས་པ། རྒྱུད་སྡེ་སྤྱི་རྣམ། བདག་མེད་མའི་དབང་གི་ཐོ་ཡིག །ཌོཾ་བྷི་བའི་ལུགས་ཀྱི་དབང་ཆུ། སྒྲུབ་ཐབས་ཚིགས་བཅད་མའི་ཊཱི་ཀ །དྲིལ་བུ་པའི་མངོན་རྟོགས། བདེ་མཆོག་མཆོད་ཕྲེང༌། རྣམ་རྒྱལ་རྟོག་པའི་ཊཱི་ཀ་དང་བསྡུས་དོན། སྤྱོད་འཇུག་གི་ཊཱི་ཀ་རྣམས་ཀྱི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ་ཆེན་པོ། འཕགས་པ་རིན་པོ་ཆེ། ཚོགས་སྒོམ་པ། ཉན་ཆེན་པ། ན་བཟའ་བྲག་ཕུག་པ། བླ་མ་དཔལ་ལྡན་སེང་གེ །ཆོས་རྗེ་བླ་མ་དམ་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ནས་གོང་བཞིན་ནོ། །༼ཀ༽ཡིག་གི་རྟགས་ཅན། དབང་ཆུ་ཆེན་མོ། མཚོ་སྐྱེས་དབང་ཆོག །ཆོས་ལ་འཇུག་པའི་སྒོ །བྱིས་པ་བདེ་འཇུག་སློབ་དཔོན་རང་གི་མཆན་བུ་དང་བཅས་པ་རྣམས་ཀྱི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ་ཆེན་པོ། འཕགས་པ་རིན་པོ་ཆེ། འཇམ་སྐྱ། བླ་མ་ཨ་མོ་གྷ། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ། །༼ཁ༽ཡིག་རྟགས་ཅན། ཀྱེ་རྡོར་མངོན་རྟོགས་རྒྱས་པའི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། དགའ་ལྡན་པ་ཀུན་བསོད། ཏི་ཤྲཱི་ཀུན་བློ། བླ་མ་དམ་པ། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ། །༼ག༽ཡིག་གི་རྟགས་ཅན། དྲིལ་བུ་པའི་དབང་གི་བྱ་བའི་ཊཱི་ཀའི་བརྒྱུད་པ་