[A:346]ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། བཀའ་བཞི་པ་གྲགས་པ་གཞོན་ནུ། རིན་པོ་ཆེ་བསོད་གྲགས་པ། མཁན་ཆེན་གཞོན་ནུ་མགོན། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ། །༼ང༽ཡིག་གི་རྟགས་ཅན། མི་གཡོ་བ་སྔོན་པོའི་ལོ་རྒྱུས། བསྒོམ་བཟླས་ཀྱི་རྣལ་འབྱོར། མེ་སྦར་ལུགས། བསྲུང་བའི་བྱེ་བྲག །མཎྜལ་གྱི་ཆོ་ག །གཏོར་མའི་ཆོ་ག །བྲིས་སྐུའི་ཆོ་ག །འཕྲུལ་འཁོར་གྱི་ཆོ་ག །སྦྱིན་སྲེག་གི་ཆོ་ག །ལས་ཐོར་བུ་བ་རྣམས་ཀྱི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། ཞང་མདོ་སྡེ་དཔལ། བླ་མ་མཆོག་ལྡན་པ། བླ་མ་གཞོན་ཚུལ། མཁན་ཆེན་ཤེས་རྡོར་མན་གོང་བཞིན་ནོ། །༼ཅ༽ཡིག་གི་རྟགས་ཅན། དོན་ཞགས་ཀྱི་ལོ་རྒྱུས། ལྕགས་སྣོད་དུ་གཏོར་མ་མྀ་བྱེད་པའི་རྒྱུ་མཚན། རྒྱུད་ཆུང་གི་བསྡུས་དོན་མདོའི་རྣམ་བཤད་རྣམས་ཀྱི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ་ཆེན་པོ། རྩང་པོ་ཞོ་ར་བ། ལ་རུ་བ། གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། མཁན་ཆེན་དང་མ་བ། མཁན་ཆེན་ཤེས་རབ་རྡོ་རྗེ་མན་གོང་བཞིན་ནོ། །༼ཆ༽ཡིག་གི་རྟགས་ཅན། ཀྱེ་རྡོར་བརྟག་གཉིས་ཀྱི་རྣམ་བཤད་ཉི་མའི་འོད་ཟེར་གྱི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎ་ཆེན། འཕགས་པ་རིན་པོ་ཆེ། ཤངས་པ་བསོད་ནམས་རིན་ཆེན། སྲས་ཀུན་རིན། མཁན་ཆེན་ཤེས་རྡོར་མན་གོང་བཞིན་ནོ། །འདི་ཡན་མཁན་ཆེན་ཤེས་རྡོར་བས་བླ་མ་དྲུག་ལས་བླངས་པའི་སྐོར་རོ། །ཡང༌། ༼ན༽ཡིག་གི་རྟགས་ཅན། སཾ་བྷུ་ཊའི་ཊཱི་ཀ་གནད་ཀྱི་གསལ་བྱེད་ཀྱི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ་ཆེན་པོ། འཕགས་པ་