R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 351
[A:351]ནམས་དབང་ཕྱུག །མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ། །༼ཇ༽ཡིག་གི་རྟགས་ཅན། སྒྲོལ་མ་ཉིན་ཞི་མཚན་ཁྲོའི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། ཤེར་འབྱུང༌། ཡེ་རྒྱལ། དཀོན་མཆོག་འབྱུང་གནས། ཡེ་ཤེས་མགོན་པོ། སེང་གེ་རྒྱལ་མཚན། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ། །༼ཉ༽ཡིག་གི་རྟགས་ཅན། ཧེ་རུ་ཀའི་ཆོས་དྲུག །རབ་གནས་དོན་གསལ། གཏོར་མ་བརྒྱ་རྩའི་རིམ་པ་རྣམས་ཀྱི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། མདོ་སྡེ་དཔལ། འཇམ་སྐྱའོ། །བླ་མ་དཔལ་ལྡན་པ། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ། །༼ཏ༽ཡིག་གི་རྟགས་ཅན། རྡོ་རྗེ་འབྱུང་བའི་ཊཱི་ཀའི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། སྤྲུ་ལུང་པ། ཞང་དཀོན་དཔལ། སློབ་དཔོན་རིན་ཆེན་དཔལ། བླ་མ་རྒྱལ་པོ་དཔལ། རྒྱལ་སྲས་ཐོགས་མེད། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ། །༼ཐ༽ཡིག་གི་རྟགས་ཅན་གོང་དུ་སོང་ལ། ད་ནི་བཅུ་གཅིག་པ། ༼ད༽ཡིག་གི་རྟགས་ཅན་ཀྱེ་རྡོར་བསྟོད་པ་དཎྜ་ཀ །དུས་མཐའི་ཆོ་ག་གཞན་ཕན་བདུད་རྩི། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བདུན་རྣམས་ཀྱི་བརྒྱུད་པ་ནི། རྗེ་བཙུན་གྲགས་པ། ས་སྐྱ་པཎ་ཆེན། ཆོས་རྒྱལ་འཕགས་པ། ཅོག་རོ་སྟོན་གཞོན། ཆོས་བརྩོན། བླ་མ་སངས་རྒྱས་རིན་ཆེན། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ཏེ། དེ་ལྟར་རྗེ་བཙུན་དཀར་པོ་རྣམ་གསུམ་གྱི་བཀའ་འབུམ། བླ་མ་དམ་པ། མཁན་ཆེན་ཤེས་རྡོར། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་རྣམས་ཀྱིས་བླ་མ་མང་པོ་ལས་ལུང་བླངས་ཤིང་ཐམས་ཅད་ཐེག་ཆེན་ཆོས་རྗེ་ལ་འདུས། དེ་ལ་ལུང་རིགས་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ། རྗེ་བཙུན་བྲག་ཐོག་པ་ཆེན་པོ། རྗེ་བཙུན་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་སོགས་སོ། །ཆོས་རྗེ་ཁུ་དབོན་ལས། འཇམ་དབྱངས་ས་པཎྜི་ཏའི་