R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 352
[A:352]བཀའ་འབུམ་རྣམས་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་བཀའ་བབས་ཏེ། འཕགས་པ་རང་གི་བཀའ་འབུམ་དང་བཅས་ནས། བླ་མ་ཞང་དཀོན་མཆོག་དཔལ་ལ་བྱུང༌། དེ་ནས། རྒྱལ་བ་བྲག་ཕུག་པ་ཆེན་པོ་འཇམ་དབྱངས་དོན་ཡོད་རྒྱལ་མཚན། མཁན་ཆེན་བྱང་ཆུབ་སེང་གེ །ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ལུང་རིགས་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ། ཆོས་རྗེ་བྲག་ཐོག་པ་ཆེན་པོ། རྗེ་བཙུན་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་སོགས་སོ། །འོན་ཀྱང་རྡོ་རྗེ་གདན་པས་རིགས་གཏེར་རང་འགྲེལ་ཆོས་རྗེ་གཡག་པ་ནས་བརྒྱུད་པ་བཤད་པ་དང་བཅས་པ་གསན་པའི་བརྒྱུད་པ་ནི། འཇམ་དབྱངས་ས་པཎྜི་ཏ་ཆེན་པོ། འུ་ཡུག་པ་རིག་པའི་སེང་གེ །འུ་ཡུག་པ་མདོ་སྡེ་དཔལ། གུ་རུ་འཇམ་དཔལ་རྒྱལ་མཚན། སྤང་ལོ་ཙཱ་བ་བློ་གྲོས་བརྟན་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བརྩོན་འགྲུས་དཔལ། དཀོན་མཆོག་གྲགས། མཁན་ཆེན་སངས་རྒྱས་དཔལ། བླ་མ་ཀུན་དགའ་བཟང་པོ། བླ་མ་ཤེས་རབ་དཔལ་ལྡན། རྗེ་བཙུན་ཐམས་ཅད་མཁྱེན་པ་ཆེན་པོ། ཡང༌། བརྩོན་འགྲུས་དཔལ། ས་བཟང་འཕགས་པ། བླ་མ་ཀུན་དགའ་བཟང་པོ། ཡང༌། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་དཔལ། བྲག་ཕུག་པ། བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་པ་ཡེ་ཤེས་རྒྱལ་མཚན། བླ་མ་ཀུན་བཟང༌། ཡང༌། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། བླ་མ་ཀུན་བཟང༌། བླ་མ་ཤེས་རབ་དཔལ་ལྡན། རྗེ་བཙུན་ཐམས་ཅད་མཁྱེན་པ་ཆེན་པོའོ། །དེ་ལྟར་འཕྲོས་དོན་འདི་རྣམས་ལའང་ཡིག་ཆ་ཡོད་མེད། མཚུངས་མི་མཚུངས་སོགས་ཁྱད་པར་ཅུང་ཟད་ཙམ་འདུག་པར། སླར་ཞིབ་དཔྱོད་རིགས་ཤིང༌། མདོར་ན། ས་ལུགས་ཐམས་ཅད་བཀའ་འབུམ་བརྒྱུད་ལུགས་ཁོག་གཅིག་ལས་