R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 359
[A:359]གིས་ཐོབ་
སྨོན། བདག་བསྟོད་མང་དུ་ཐོས་པ་རྣམས་ཀྱི་བརྒྱུད་པ། རྗེ་བཙུན་གོང་མའི་བསྟོད་པ་བཀའ་འབུམ་དང་འདྲའོ། །དེ་ལྷག་རྣམས་བླ་མ་ཨུ་རྒྱན་རྒྱལ་པོ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན་ལ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་དང༌།
རྗེ་རིན་ཆེན་རྒྱ་མཚོ། བསྟན་པ་རྒྱ་མཚོ། བསོད་ནམས་བློ་གྲོས། བསོད་ནམས་རྣམ་རྒྱལ། དཀོན་མཆོག་སྦྱིན། ཀུན་དགའ་བསྟན་དར། བྱམས་པ་ཕུན་ཚོགས་ཆོས་འཕེལ། དེས་བདག་ངག་མིང་ལའོ། །
བཀའ་དྲིན་མཉམ་མེད་པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས་གཉིས། དེ་གཉིས་ཀས་བཀའ་དྲིན་དུ་སྩལ་ལོ། །དེ་གཉིས་ལས་རྟགས་མེད་པ་ཉི་གླིང་རྗེ་དང༌། པའི་རྟགས་ཅན་ཀུན་བཟང་རྩེ་པཎ་ཆེན་ནོ། །འདི་དག་གི་ལུང་རྒྱུན་ཉེ་བར་མཁོ་བས་ཧ་ཅང་དར་སོ་ཆེ་བཤིས་བྲིས་པས་མ་ལང་བ་ལྟ་བུས་སྐྱོན་དུ་སོང་ནས་བརྒྱུད་པ་མ་རྙེད་པ་འདྲའོ། ༈ །ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་དང་དབྱེར་མེད་པ་ཉི་མ་གླིང་པ་རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་དཔལ་བཟང་པོའི་བཀའ་འབུམ་མཐོང་ཐོས་དོན་ལྡན་པུསྟ་ཀ་གཉིས་ཀྱི་ཆོས་ཀྱི་རྣམ་གྲངས་ལ་ཕན་པ་གཙོ་བོར་མཛད་པའི་སྐོར་དང༌། བཤད་པ་གཙོ་བོར་མཛད་པའི་སྐོར་གཉིས། དང་པོ་ལ་མཆོག་གི་དངོས་གྲུབ་སྒྲུབ་པའི་རིམ་པ་དང༌། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་རིམ་པ་གཉིས་གྱི་དང་པོ་ལ། དངོས་གྲུབ་ཀྱི་རྩ་བ་བླ་མ་ལ་གསོལ་བ་གདབ་པ། བྱིན་བརླབས་ཀྱི་རྩ་བ་ཡི་དམ་ལ་གསོལ་བ་གདབ་པ། སྨིན་གྲོལ་གྱི་ལམ། ཁྲིད་ཀྱི་རིམ་པ་སྟེ་བཞིའི་དང་པོ་ལ། བླ་མ་སྤྱི་ལ་གསོལ་བ་གདབ་པ་དང༌། བྱེ་བྲག་རྩ་བའི་བླ་མ་ལ་གསོལ་བ་གདབ་པ་གཉིས་ཀྱི་དང་པོ་ནི། ལམ་འབྲས་བླ་བརྒྱུད་མང་འདུས་གཟུངས། ལམ་འབྲས་བླ་བརྒྱུད་ལ་གསོལ་འདེབས། དེ་དག་གི་ཐུགས་རྗེ་ལ་བསྐུལ་བ། ཀུན་རིག་བརྒྱུད་འདེབས། གུར་ལྷ་གསུམ་མའི་བླ་གཟུངས། གཉན་མགོན་བླ་གཟུངས། ཤཱཀྱའི་རྒྱལ་པོ་ལ་བསྟོད་པ། བསྙེན་རྫོགས་བླ་