R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 360
[A:360]གཟུངས། རྒྱུད་སྡེ་མན་ངག་བཅས་པའི་བླ་གཟུངས། བསྙེན་རྫོགས་བརྒྱུད་འདེབས། ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་སྡོམ་བཤགས་དང་བཅས་པ། ཞང་དཀོན་དཔལ་གྱི་སྐུ་བསྟོད་དོ། །གཉིས་པ་ནི། བླ་མ་དམ་ཆོས་གླིང་པའི་སྐུ་བསྟོད། བླ་མ་གླིང་སྟོད་པའི་སྐུ་བསྟོད། བླ་མ་རྣམ་རྒྱལ་ཆོས་གླིང་པའི་སྐུ་བསྟོད། བླ་མ་ཀུན་བཟང་རྩེ་པའི་སྐུ་བསྟོད། བླ་ཆེན་རིན་པོ་ཆེའི་སྐུ་བསྟོད། ཡང༌། སྐུ་སྐྱེ་རིན་པོ་ཆེའི་སྐུ་བསྟོད། བླ་མ་སྣང་གསལ་བའི་སྐུ་བསྟོད། བླ་མ་མཁན་གྱི་སྐུ་བསྟོད། སློབ་དཔོན་རྡོ་རྗེ་བློ་གྲོས་ཀྱི་སྐུ་བསྟོད། བཀའ་འགྱུར་བ་ཆེན་པོའི་སྐུ་བསྟོད། ཞ་ལུ་མཁན་ཆེན་གྱི་སྐུ་བསྟོད། བླ་མ་པཎ་ཆེན་གྱི་སྐུ་བསྟོད། དེ་དག་གི་ཐུགས་རྗེ་ལ་བསྐུལ་བ། ལམ་འབྲས་གསོལ་འདེབས་འདོན་ལུགས་རྣམས་སོ། །གཉིས་པ་ནི། འཕགས་པ་འཇམ་དཔལ་ལ་བསྟོད་པའོ། །གསུམ་པ་ལ་རྣལ་འབྱོར་བླ་མེད་དང༌། ཡོ་ག་དང༌། སྤྱོད་པ་དང༌། བྱ་བའི་རྒྱུད་དེ་བཞིའི་དང་པོ་ལ། ཀྱེ་རྡོ་རྗེའི་མངོན་རྟོགས་ཚུལ་བཅུའི་ངོས་འཛིན་གསལ་བའི་སྒྲོན་མེ། ཀྱེ་རྡོར་བུམ་པ་བཅུའི་སྒྲུབ་ཚུལ། སློབ་དཔོན་ནག་པོ་ལུགས་ཀྱི་ཀྱེ་རྡོ་རྗེའི་བདག་འཇུག །དུས་ཀྱི་འཁོར་ལོའི་ཆོ་གའི་ཟིན་བྲིས། ཡང༌། ཟིན་བྲིས་གཅིག །དུས་འཁོར་དབང་བདུན་ཟིན་བྲིས། དཀའ་གནད་ཟིན་བྲིས། དུས་འཁོར་སྐུ་གསུང་ཐུགས་ཀྱི་ཐིག་རྩ་རབ་གསལ། དུས་འཁོར་ཕྱག་རྒྱ་འཆིང་ཆོག །གསང་འདུས་གཉིས་ཀྱི་ཟིན་བྲིས། གསང་འདུས་མཆོད་ཕྲེང༌། ས་ལུགས་ཕུར་པའི་དཀའ་གནད། གཤེད་དམར་གྱི་མཆོད་ཕྲེང་ཟིན་བྲིས། འཇིགས་བྱེད་ཞེ་དགུ་དང་རོ་ལངས་བརྒྱད་བསྐོར་གྱི་ཐིག་རྩ་ཟིན་བྲིས། རྣམ་འཇོམས་འབིར་ལུགས་ཀྱི་ཐོ། མཁའ་འགྲོ་རྒྱ་མཚོའི་ཐིག་རྩ། འཁོར་ལོ་བསྒྱུར་དྲུག་ཐིག་རྩའོ། །གཉིས་པ་ནི། རྡོར་དབྱིངས་ཟིན་བྲིས། རྡོར་དབྱིངས་སློབ་མ་རྗེས་