R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 361
[A:361]འཛིན། ཀུན་རིག་ཟིན་བྲིས། ཀུན་རིག་སྒྲུབ་མཆོད་ཀྱི་ས་གཟུངས། ཀུན་རིག་མདུན་བསྐྱེད་རྒྱས་པ། དཔལ་མཆོག་བུམ་སྒྲུབ་རྒྱས་པ། དབང་སོགས་ཀྱི་ཟིན་བྲིས། གསུམ་པ་ནི། འཕགས་པ་འཇམ་དཔལ་གྱི་རྗེས་གནང་ལོ་རྒྱུས་དང་བཅས་པ། རྣམ་སྣང་མངོན་བྱང་ཐིག་རྩ་འཁྲུལ་སེལ་ལོ། །བཞི་པ་ནི། མཆོད་རྟེན་ཐིག་རྩ་ལེགས་པའི་ཆ་བསགས་སོ། །བཞི་པ་ནི། ལམ་འབྲས་བྱིན་རླབས་ཀྱི་ཐོ། ཁྲིད་ཚུལ་ཐུན་གྲངས་ཀྱི་སྡོམ་ཚིག །སྒྲོལ་དཀར་ཚེ་ཁྲིད་དང་བཅས་པའོ། །གཉིས་པ་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་ནི། ངག་
ལམ་བརྒྱུད་ལྟར་ཡིན་འདྲ་བས་ཕུན་ཚོགས་ཆོས་འཕེལ་དྲུང་དུ་ལམ་འབྲས་སྐབས་ཐོབ་
དང་ཕྲེང་བ་བྱིན་བརླབས། ཀྱེ་རྡོར་བསྙེན་པ་རབ་གསལ་དམ་པའི་ཞལ་གྱི་བདུད་རྩི། ཀྱེ་རྡོར་དང་གུར་ཞལ་གྱི་བསྙེན་པ་ཁ་སྐོང་སྦྱིན་སྲེག །ཀྱེ་རྡོར་ཐུན་མཚམས་ཀྱི་གཏོར་མའི་རྣལ་འབྱོར། རབ་གནས་སྟ་གོན་ཟིན་བྲིས། ཀྱེ་རྡོར་ལ་བརྟེན་པའི་རབ་གནས་ཉིན་རེ་མའི་ཆོག་ཁྲིགས། རྡོ་རྗེ་ཕུར་པའི་སྦྱིན་སྲེག་ཟིན་བྲིས། ལས་བཞི་མགོན་པོའི་མངོན་རྟོགས་བསྟོད་པ་དང་བཅས་པ། རྣམ་
བདག་གི་བླ་མས་ཀུན་བཟང་དབང་འདུས་དྲུང་དུ་གསན། དེའི་དྲུང་དུ་བདག་གིས་ཐོབ་
སྲས་གཏོར་ཆོག །ཚོགས་བདག་གཏོར་ཆོག །ཕྱི་ནང་གསང་བའི་མཎྜལ་གསལ་བྱེད། གཏོར་མ་བརྒྱ་རྩའི་ཆོག་ཁྲིག །ཀླུ་གཏོར། ཕྱག་ལེན་སྡོམ་ཚིག་ཉེར་མཁོ་ལ། ངག་དང་ཕྲེང་བ་བྱིན་རླབས་རྒྱས་པ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་དབྱེ་བ། ཀྱེ་རྡོར་ལྷ་མོ་བརྒྱད་ཀྱི་གདན་གྱི་དག་པ། ཞུ་འབུལ་གྱི་ཕྱག་གསུམ་དྲུག་བཅོ་བརྒྱད། ཟོར་གྱི་འཆམ་ཡིག །འཆམ་ལོག །ཚེས་བཅུའི་འཆམ་ཡིག །གཏོར་སྐྱོང༌། གཏོར་ཆེན། དུས་རིམ། ཆུ་འཕྲུལ། སྐུ་མཆོད་ཆེན་མོ་རྣམས་ལ་བསྐང་གསོ། མཆོད་བརྗོད་ཀྱི་རིམ་པའོ། །གཉིས་པ་བཤད་པ་གཙོ་བོར་མཛད་པ་ལ། ཐར་