R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 368
[A:368]དངོས་གཞི། གསུམ་པ་བླ་མ་དང་མཁའ་འགྲོ་ཆོས་སྐྱོང་ལོངས་སྤྱོད་ཀྱིས་མཉེས་པར་བྱ་བ་ལ་བརྟེན་ནས། སྙན་བརྒྱུད་བཞི་པའི་རྟེན་འབྲེལ་ཤུགས་ལ་འགྲིག་པ་སོགས་ཁུངས་བཙུན་གྱི་ཡིག་བཅའ་མང་པོ་ལས་འབྱུང་བའོ། །དེ་ཡང་དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ་ལས། དྲག་པོ་མི་སྡུག་ཁྲོས་པ་ནི། །ཨུཏྤལ་སྔོན་པོའི་ཁ་དོག་འདྲ། །ཕྱག་བཞི་པ་ནི་ཆོ་ག་ཡི། །ཕྱག་ནི་ཐོད་པ་བསྣམས་པར་སྒོམ། །ཞེས་དངོས་སུ་བསྟན་ཅིང༌། དཔལ་མགོན་ཀླུ་སྒྲུབ་ཞབས། ཏ་ཐཱ་ག་ཏ་རཀྵི་ཏ། པཎྜི་ཏ་འབུམ་ཕྲག་གསུམ་པ། རི་སུལ་གྱི་རྣལ་འབྱོར་མ་ཀུ་ས་ལི་ཆེན་མོ་སོགས་པཎ་གྲུབ་དུ་མའི་ཆོས་སྐྱོང་གི་གཙོ་བོ་མཛད་ཅིང༌། བོད་ཡུལ་འདིར་གཉན་མགོན་ཞལ་བཞི་པ་ཞེས་ཉི་ཟླ་ལྟར་གྲགས་ཤིང་དཔལ་ས་སྐྱ་པའི་བསྟན་སྲུང་གཉིས་པ་འདིའི་རྗེས་གནང་ཐོབ་ཚུལ་ལེའུ་དྲུག་པར་གསལ། ལུང་ཆ་ཤས་ཙམ་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། མགོར། རྒྱ་གར་སྐད་དུ། ཤྲཱི་མཧཱ་ཀཱ་ལ་སཱ་དྷ་ནན་ནཱ་མ། ནས། པཎྜི་ཏ་འབུམ་ཕྲག་གསུམ་པ་དང༌། ལོ་ཙྪ་བ་གཉན་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་བའོ། །མཐའ་ཅན། མགོར། བླ་མ་དམ་པའི་ཞབས་ལ་གུས་པར་ཕྱག་འཚལ་ལོ། །འདི་བསྒྲུབ་པར་འདོད་པས། བྱང་ཆུབ་ཀྱི་སེམས། ནས། ས་མ་པ་ཐའི་མན་ངག་གོ །མཐའ་ཅན། མགོར། བླ་མ་གཉན་ལ་དབུས་ཕྲུག་ཕུར་པ་དར་གྱིས་ཞུས། ནས། སྔགས་དག་པར་བཟླས་སོ། །མཐའ་ཅན། མགོར། ཏཱ་ར་ལ་ན་མོ། ཁྱད་པར་གཏོར་མ་དང༌། ཁ་སྦྱོར་དབྱེ་བ་ལོགས་པའི། ནས། དགེ་བཤེས་གཉན་གྱི་ཨུ་པ་དེ་ཤའོ། །མཐའ་ཅན། མགོར། ཨོཾ་སྭསྟི་སིདྡྷཾ། མགོན་པོ་གདོང་བཞི་པའི་བསྙེན་སྒྲུབ་བསད་གསུམ་གྱི་ལས་སྒྲིགས་ལ། ནས། ལས་སྒྲིགས་ཤིན་ཏུ་ཟབ་པའི་ཕྱིར་གསང་བ་གལ་ཆེ། མཐའ་ཅན། མགོར། སྒྲུབ་པའི་དུས་སུ་