R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 367
[A:367]པ་ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། དམ་པ་ཀུན་དགའ་གྲགས། བླ་མ་ཀུན་དགའ་བསོད་ནམས། བླ་མ་དཔལ་ལྡན་སེང་གེ །བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། རྡོ་རྗེ་ཐེག་པའི་མངའ་བདག་ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་རྒྱལ་མཆོག་པ། རྗེ་བཙུན་བྲག་ཐོག་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་མཐུ་ཆེན་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། ཡོངས་འཛིན་ཤཱཀྱ་ཀུན་དགའ། བླ་ཆེན་ཡེ་ཤེས་དབང་པོ། སློབ་དཔོན་ཆེན་པོ་རྡོ་རྗེ་བློ་གྲོས། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་བསྟན་པའི་ཤིང་རྟ་ཆེན་པོ་དེས་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་འདོད་པ་ཕྲིན་ལས་རྣམ་རྒྱལ་ལ་བཀའ་དྲིན་བླ་ན་མེད་པས་སྩལ་ལོ། །ཡང་ན་འཕགས་པ་ཀླུ་སྒྲུབ་སྙིང་པོ། སློབ་དཔོན་ཆེན་པོ་པདྨ་བཛྲ། དྷརྨ་པཱ་ལ། ཇོ་བོ་རིན་ཆེན་བཟང་པོ། བྲག་སྟེང་པ། འབྲོམ་ཇོ་སྲས། ས་ཆེན་ཀུན་དགའ་སྙིང་པོ་མན་འདྲའོ། །གཉན་ལོ་ཙཱ་བ་ཆེན་པོ་དར་མ་གྲགས་ཀྱིས་གདན་དྲངས་པ་སྲུང་མ་བརྒྱ་རྩ་ཙམ་གྱི་ནང་ནས་གཙོ་བོར་བཟུང་བ། བསྟན་པའི་བདག་པོ་ས་སྐྱ་པ་ལ་བཀའ་བབས་པ་གཉན་ཆ་ཆེ་བས་བཀའ་ཆེས་དམ་པར་མཛད། ཁྱད་པར་སྦས་པའི་མགོན་པོ་ལ་རིགས་མང་དུ་ཡོད་པའི་ནང་ནས། སྦས་པའི་མགོན་པོ་འམ། དམ་ཚིག་གི་མགོན་པོ་ཡིན་པས་ཞལ་བཞི་ཡོངས་རྫོགས་ཀྱི་སྐུ་བྲིས་འབུར་མི་བཞེངས། རེ་གཉིས་བྱུང་བ་དག་ཀྱང་ཡེ་མི་སྟོན་པ་སོགས་དམ་ཚིག་ཆེད་གཉིས་ཀུན་ལ་གཅེས་པར་མཛད་པ་སྨིན་གྲོལ་གདམས་པའི་གནད་མཐའ་དག་མ་ཉམས་པ་སྙན་བརྒྱུད་མཁའ་འགྲོའི་ཁ་རླངས་ཐུལ་ལེ་བ་ཐོས་བསམ་གྱིས་གཏན་ལ་འབེབས་པར་སྙན་བརྒྱུད་དང་པོ་བྱིན་རླབས་རྗེས་གནང༌། གཉིས་པ་གདམས་པ་