R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 383
[A:383]ཤྲཱི། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ལོ་ཆེན་རཏྣ་བྷ་དྲ། རྗེ་ཀུན་དགའ་གྲོལ་མཆོག །བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། དཀོན་མཆོག་རྒྱལ་མཚན། མཁན་ཆེན་བསོད་ནམས་མཆོག་གྲུབ། རྡོ་རྗེ་འཆང་རིན་ཆེན་ཆོས་ལེགས། དེས་བདག་གོ །ཡང་ན། མཁྱེན་རབ་ཆོས་རྗེ། ལྕང་ལུང་པ་གཞོན་ནུ་ཆོས་གྲུབ། རྗེ་ཀུན་དགའ་གྲོལ་མཆོག་མན་འདྲའོ། །ཡང༌། སྔོན་འགྲོ། ཐོག་དགེ །བར་དགེ །མཐར་དགེ །ངོ་སྤྲོད་བཅས་པའི་ལུང་བརྒྱུད། ལོ་ཆེན་རཏྣ་བྷ་དྲ་ཡན་གོང་ལྟར་ལ། རྗེ་ཀུན་དགའ་གྲོལ་མཆོག །མཁན་ཆེན་ལུང་རིགས་རྒྱ་མཚོ། རྗེ་ཏཱ་ར་ནཱ་ཐ། མཁན་ཆེན་བསོད་ནམས་མཆོག་གྲུབ། རྡོ་རྗེ་འཆང་རིན་ཆེན་ཆོས་ལེགས། དེས་བདག་གོ །ཡང༌། ཐོག་བར་མཐའ་དགེ་གསུམ་གྱི་ལུང་བརྒྱུད། རཏྣ་བྷ་དྲ་ནས། འགྱུར་མེད་བདེ་ཆེན། མཁན་ཆེན་ནམ་མཁའ་ཆོས་ལྡན། མཁན་ཆེན། རྩ་བའི་བླ་མ། དེས་བདག་གོ །དཔལ་དུས་ཀྱི་འཁོར་ལོའི་ལས་ཆེན་བརྒྱད་ཀྱི་ཆོ་ག་རྒྱ་གར་སྐད་དུ་ཡོད་པ། རྒྱལ་པོ་ཁྱབ་འཇུག་སྦས་པ་དང་རྒྱལ་པོ་འཇིགས་མེད་གྲགས་པའི་སྲས་ལ་གནང་བ། རྩ་བའི་རྒྱུད་ལས་གསུངས་པའི་ཕན་གནོད་དྲུག་ཅུ་རྩ་བཞིའི་སྦྱོར་བ་བཅུའི་ཆོ་ག །དབུ་ན་ཡེ་ཤེས་གཅིག་པུས་བདེན་པ་སྟོན་ཞེས་དང༌། འདོད་པ་སུམ་ཅུ་རྩ་བཞིའི་ལྡེ་མིག་གསུམ་གྱི་ལུང་བརྒྱུད་ནི། གོང་མ་སླར་ཚོལ། བྱང་གླིང་བཀྲ་ཤིས་རྒྱལ་མཚན་མན་རྒྱུད་འགྲེལ་ལྟར་རོ། །སྣ་ཚོགས་ཡུམ་ཀྱི་འབྲུམ་སྲུངས། ཡང༌། གཅིག་སྟེ་གཉིས་ཀྱི་བརྒྱུད་པ་ནི། ཀུན་མཁྱེན་བུ། དཔལ་མཆོག་དོན་གྲུབ། ཙནྡྲ་ཤྲཱི། ཚུལ་རྒྱལ་བ། མཁྱེན་རབ་ཆོས་རྗེ་མན་རྒྱུད་འགྲེལ་ལྟར་རོ། །ལྷན་སྐྱེས་སྒྲུབ་ཐབས་རིན་ཆེན་སྙིང་པོའི་ལུང་
མཁན་ཆེན་ལའང་ཞུས་
བརྒྱུད་ནི། ཀུན་མཁྱེན་བུ། དཔལ་