R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 384
[A:384]མཆོག་དོན་གྲུབ། ཙནྡྲ་ཤྲཱི། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ་མན་རྒྱུད་འགྲེལ་ལྟར་རོ། །མཆོད་ཕྲེང་མཆོད་སྤྲིན་རྒྱ་མཚོའི་ལུང་བརྒྱུད་ནི། ཙནྡྲ་ཤྲཱི་མན་སྣ་ཚོགས་ཡུམ་གྱི་བཞིན་ལས། སློབ་དཔོན་ཡེ་ཤེས་རྒྱ་མཚོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ནས་རིམ་པར་བླ་མ་པཎ་ཆེན་ལའང་ཞུས། རབ་གནས་བཀྲ་ཤིས་དཔལ་འབར་གྱི་ལུང་བརྒྱུད་ནི། བྱང་གླིང་པ་མན་རྒྱུད་འགྲེལ་བཞིན་ལས། མཁན་རིན་པོ་ཆེ། རྩ་བའི་བླ་མ་རིན་ཆེན་ཆོས་ལེགས། དེས་བདག་གོ །བདེ་མཆོག་ཆོས་འབྱུང་རྩ་བ་ཉུང་ངུའི་རྒྱུད་ཀྱི་སྤྱི་དོན་རྣམ་པར་བཞག་པའི་བརྒྱུད་པ་ནི། ཀུན་མཁྱེན་བུ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། ཙནྡྲ་ཤྲཱི། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། དབོན་རྒྱལ་བ། དོན་གྲུབ་རྒྱལ་མཚན། བཀྲ་ཤིས་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། དཀོན་མཆོག་རྒྱལ་མཚན། མཁན་ཆེན་པུཎྱ། བླ་མ་དམ་པ་རིན་ཆེན་ཆོས་ལེགས།
དེ་གཉིས་ཀ་ལ་ཆོས་རྗེ་ཕྲིན་ལས་རྣམ་རྒྱལ། འདིའི་བར་ཁ་ཤས་མ་རྙེད། ཡེ་ཤེས་རྣམ་རྒྱལ། ཕུན་ཚོགས་ཆོས་འཕེལ། དེས་བདག་ལའོ། །
དེ་གཉིས་ཀར་བདག་གིས་ཐོས། ཡང་ན། བཀྲ་ཤིས་རྒྱལ་མཚན། དཔལ་ལྡན་ཆོས་བཟང༌། ལྷ་བོ་པ་རིན་ཆེན་རྒྱ་མཚོ། མཁན་ཆེན་པུཎྱ་མན་གོང་ལྟར་རོ། །བདེ་མཆོག་ལཱུ་ཧི་པ་ལུགས་ཀྱྀ་སྒྲུབ་ཐབས་རྣལ་འབྱོར་བཞི་ལྡན། དེའི་སྦྱིན་སྲེག་ཕྲིན་ལས་ཀུན་འགྲུབ་ཀྱི་བརྒྱུད་པ་ནི། ཀུན་མཁྱེན་བུ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། དབང་རྣོན་རྒྱལ་བ་མཆོག་གྲུབ། མཁས་མཆོག་ཙནྡྲ་ཤྲཱི། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ་མན་བདེ་མཆོག་ཆོས་འབྱུང་ལྟར་རོ། །བདེ་མཆོག་གི་བྷུ་རི་ཀའི་རྒྱུན་བཤགས་ཀྱི་བརྒྱུད་པ། སྒྲོལ་མ་བཙོན་འདོན་ཆོ་གའི་བརྒྱུད་པ། གོང་མ་ཚོལ། མཁྱེན་