R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 386
[A:386]རྒྱལ་མཚན། མཁྱེན་རབ་ཆོས་རྗེ་མན་གསོལ་འདེབས་བླ་མའི་ཡོན་ཏན་རྗེས་དྲན་ལྟར་རོ། །རྡོར་དབྱིངས་དཀྱིལ་ཆོག་རྡོ་རྗེ་ཐམས་ཅད་འབྱུང་བའི་རྒྱ་ཆེར་བཤད་པ་ཡིད་བཞིན་ནོར་བུའི་བརྒྱུད་པ། ཀུན་མཁྱེན་བུ། དཔལ་མཆོག་དོན་གྲུབ། ཙནྡྲ་ཤྲཱི། སློབ་དཔོན་ཤར་ཆེན་ཡེ་ཤེས་རྒྱ་མཚོ། མཁྱེན་རབ་ཆོས་རྗེ། དབོན་རྒྱལ་བ། དོན་གྲུབ་རྒྱལ་མཚན། བཀྲ་ཤིས་རྒྱལ་མཚན། དཀོན་མཆོག་རྒྱལ་མཚན། མཁན་ཆེན་པུཎྱ་བ་ར་སིདྡྷི། དེས་བདག་གོ །དེ་ཉིད་བསྡུས་པའི་རྒྱུད་ཀྱི་བསྡུས་དོན་དེ་ཉིད་སྣང་བའི་རྒྱན་དམར་ནག་དང་བཅས་པའི་ལུང་བརྒྱུད་ནི། ཀུན་མཁྱེན་བུ། རྒྱལ་བ་མཆོག་གྲུབ། ཙནྡྲ་ཤྲཱི། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། བླ་མའི་ཡོན་ཏན་རྗེས་དྲན་ལྟར་རོ། །ཡང་ན་ཀུན་མཁྱེན་བུ། དཔལ་མཆོག་དོན་གྲུབ། ཙནྡྲ་མན་འདྲའོ། །རྡོར་དབྱིངས་དཀྱིལ་ཆོག་རིན་ཆེན་བསམ་འཕེལ་གྱི་བརྒྱུད་པ། བདེ་མཆོག་ཆོས་འབྱུང་ལྟར་རོ། །དཀྱིལ་ཆོག་གི་ལྷན་ཐབས་སྒྲུབ་མཆོད་སྦྲེལ་མ་བྱེད་ཐབས་ཤོག་གཅིག་མའི་ལུང་བརྒྱུད། གོང་མ་ཚོལ། བཀྲ་ཤིས་རྒྱལ་མཚན་མན་བདེ་མཆོག་ཆོས་འབྱུང་ལྟར་རོ། །
འདི་མ་ཐོབ།
རྡོར་དབྱིངས་འགྲེལ་ལུགས་ཀྱི་དབང་ཆོག་རྒྱས་པའི་ཁ་སྐོང་གསལ་བར་སྟོན་པ་མགྲོན་ཐབས་ཀྱི་ལྷ་སངས་རྒྱས་སྟོང་དུ་བཞིས་མ་ཚང་བའི་བསྟོད་པ། གསང་བ་ཡུམ་བཞིའི་མཆོད་གར། རྡོར་དབྱིངས་མཆོད་ཕྲེང་བླ་མེད་མཆོད་སྤྲིན། རྡོར་དབྱིངས་ཞི་བའི་སྦྱིན་སྲེག །རྒྱས་པའི་སྦྱིན་སྲེག་བསོད་ནམས་དཔལ་འབར། དབང་གི་སྦྱིན་སྲེག །དྲག་པོའི་སྦྱིན་སྲེག །གཞལ་ཡས་ཁང་གི་གནས་ལུགས་གསལ་བྱེད། རྡུལ་ཚོན་སྤྱན་དྲང་བའི་ཆོ་ག །རབ་གནས་བཀྲ་ཤིས་རྒྱས་བྱེད།
དེའི་སྡོམ་ཚིག་གསན་ཚེ་བརྒྱུད་པ་འདི་ཀ །
དེའི་སྡོམ་ཚིག །རྡོར་དབྱིངས་འགྲེལ་ལུགས་ཀྱི་དབང་ཆོག་རྒྱས་པའི་ཁ་སྐོང་རྣམས་ཀྱི་ལུང་