R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 385
[A:385]རབ་ཆོས་རྗེ་མན་བདེ་མཆོག་ཆོས་འབྱུང་ལྟར་རོ། ༈ །དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་གྱི་བཤད་ཐབས་ཀྱི་ཡན་ལག་ཆོས་འབྱུང་གསང་བའི་སྒོ་འབྱེད་ཀྱི་བརྒྱུད་པ། ཀུན་མཁྱེན་བུ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། དཔལ་མཆོག་དོན་གྲུབ། ཙནྡྲ་ཤྲཱི། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། དབོན་རྒྱལ་བ། དོན་གྲུབ་རྒྱལ་མཚན། བཀྲ་ཤིས་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། དཀོན་མཆོག་རྒྱལ་མཚན། མཁན་ཆེན་པུཎྱ་ཞབས། དེས་བདག་གོ །ཡང་ན། ཀུན་མཁྱེན་བུ། དཔལ་མཆོག་དོན་གྲུབ། ཙནྡྲ་ཤྲཱི་མན་གོང་ལྟར་རོ། །ཡང་ན། བཀྲ་ཤིས་རྒྱལ་མཚན། དཔལ་ལྡན་ཆོས་བཟང༌། དབུ་མཛད་རིན་ཆེན་རྒྱ་མཚོ། མཁན་ཆེན་པུཎྱ་བ་ར་སིདྡྷི། དེས་བདག་གོ །གསང་འདུས་རྒྱུད་འགྲེལ་གསོལ་འདེབས་བླ་མའི་ཡོན་ཏན་རྗེས་དྲན། ཀུན་མཁྱེན་བུ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སློབ་དཔོན་དཔལ་མཆོག་དོན་གྲུབ། ཙནྡྲ་ཤྲཱི་མན་ཆོས་འབྱུང་ལྟར་རོ། ༈ །དཔལ་གཤིན་རྗེ་གཤེད་དམར་པོའི་ཆོས་སྐོར་སྤྲོས་མེད་ཀྱི་གཞུང་རྣལ་འབྱོར་དབང་ཕྱུག་བིརྺ་པའི་གཞུང་འགྲེལ་འོད་གསལ་འཆར་བའི་རིམ་པའི་བྱིན་རླབས་ཀྱི་འགྲེལ་པ་འཇུག་བདེ་གསལ་བའི་བརྒྱུད་པ། ཀུན་མཁྱེན་བུ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། ཙནྡྲ་ཤྲཱི། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ་མན་གསོལ་འདེབས་བླ་མའི་ཡོན་ཏན་རྗེས་དྲན་ལྟར་རོ། ༈ །རྣལ་འབྱོར་རྒྱུད་ཀྱི་སྐོར་མ་ལུས་པ་ཐོབ་པ་ལས། ཐོག་མར། རྣལ་འབྱོར་རྒྱུད་ཀྱི་བཤད་ཐབས་ཀྱི་ཡན་ལག་རྣམ་པར་བཞག་པ་རྣལ་འབྱོར་རྒྱུད་ཀྱི་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཀྱི་ལུང་བརྒྱུད་ནི། ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ། གུ་རུ་དཔལ་མཆོག་དོན་གྲུབ། མཁས་མཆོག་ཙནྡྲ་ཤྲཱི་རཏྣ། འཁྲུལ་ཞིག་ཚུལ་ཁྲིམས་