R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 398
[A:398]ཉམས་ལེན། ༼ཀ༽དཔོན་མོ་ཚེ་དབང་རྒྱལ་མོའི་ངོར་བླ་མའི་རྣལ་འབྱོར། ༼ཀ༽ཅོ་ནེ་ཆོས་རྗེའི་ངོར་བླ་མ་རིགས་གསུམ་མགོན་པོ་དབྱེར་མེད་གསོལ་འདེབས་ཀྱི་ལུང་རྣམས་ཀྱི་བརྒྱུད་པ་ནི། ཀའི་རྟགས་ཅན། རྒྱལ་དབང་ཞབས། རྗེ་འཇམ་དབྱངས་གྲགས་པ། སྤྲུལ་སྐུ་ངག་དབང་དཀོན་མཆོག་ཉི་མ། དེས་བདག་གོ །གའི་རྟགས་ཅན་དང་རྟགས་མེད་རྒྱལ་དབང་ཞབས། རྗེ་འཇམ་དབྱངས་བསྟན་འཛིན། དེས་བདག་གོ །ངའི་རྟགས་ཅན། རྒྱལ་དབང་ཞབས། ངག་དབང་མཁྱེན་བརྩེ། རྗེ་འཇམ་དབྱངས་གྲགས་པ། སྤྲུལ་སྐུ་ངག་དབང་དཀོན་མཆཽག་ཉི་མ། དེས་བདག་གོ །༼ག༽ཐུབ་དབང་གྲོང་ཁྱེར་མའི་བསྟོད་པ་སྨོན་ལམ། མཛད་བཅུ་ཐུབ་རྣམས་སྤང་རྟོགས་བརྒྱུད་པ། རྒྱལ་དབང་ཞབས། དེས་བདག་གོ །རྒྱ་བོད་ཀྱི་པཎ་ཆེན་རྣམ་གཉིས་ནས་བརྒྱུད་པའི་སོ་ཐར་སྡོམ་རྒྱུན་གསོལ་འདེབས་བརྒྱུད་པ། རྒྱལ་དབང་ཞབས། རྗེ་འཇམ་དབྱངས་གྲགས་པ། ཕ་བོང་ཁ་པ་རྗེ་བཙུན་ངག་དབང་བསྟན་འཛིན། དེས་བདག་གོ །བཞི་པ་གང་གསུངས་པའི་ཆོས་ལ་གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་གྱི་དབང་གིས་དང༌། འབྲས་བུའི་ཐེག་པ་ནས་དབུ་བརྩམས་ན་གླེགས་བམ་གྱི་བཞུགས་ཚུལ་མཛེས་པ་དང༌། སྟོན་པས་རྡོ་རྗེ་གདན་བྱང་ཆུབ་ཀྱི་སྙིང་པོར་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་གསུངས་ནས་སྲོད་ལ་བདུད་བཅོམ་པས་ཐོག་མར་གསུངས་པ་བརྗོད་པ་ལེགས་པའི་ཕྱིར་རོ། །དེ་ལ་བོད་དུ་གསང་སྔགས་སྔ་འགྱུར་ལ་རྙིང་མ་དང༌། ཕྱི་འགྱུར་ལ་གསར་མར་གྲགས་པ་གཉིས་དང་མདོ་ཕྱོགས་སོགས་གསུང་རྩོམ་སྣ་ཚོགས་ཀྱི་སྐོར་དང་གསུམ་གྱི་དང་པོ་ནི། དཔལ་ཡང་དག་པར་སྦྱོར་བའི་མངོན་དཀྱིལ་ཙམ་མ་གཏོགས་འདིར་མ་བཀོད། གཉིས་པ་ནི། གཤེད་དམར་ལྷ་ལྔའི་མངོན་དཀྱིལ་བརྒྱུད་པ་རྒྱལ་དབང་ཞབས། རྗེ་འཇམ་དབྱངས་