R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 397
[A:397]གྲགས་པ། རྗེ་འཇམ་དབྱངས་གྲགས་པ་མན་གོང་བཞིན་ནོ། །བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་རྣམ་ཐར། ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་རྣམ་ཐར་བརྒྱུད་པ་ནི། རྒྱལ་དབང་ཞབས། རྗེ་འཇམ་དབྱངས་གྲགས་པ། དེས་བདག་གོ །གཉིས་པ་ནི་རྗེ་བསོད་ནམས་རྒྱ་མཚོའི་རྣམ་ཐར་བརྒྱུད་པ། རྒྱལ་དབང་ཞབས། དགའ་ལྡན་ཁྲི་པ་བྱམས་པ་རིན་ཆེན། རྗེ་འཇམ་དབྱངས་གྲགས་པ། རྗེ་ངག་དབང་ནམ་མཁའ། ཞ་ལུའི་གདན་རབས་ཉེར་གསུམ་པ་འཇམ་དབྱངས་བསྟན་འཛིན་དེ་དུས་དྲུང་ཡིག་པ་ཞུ་བ། རྩ་བའི་བླ་མ་དེ་ཉིད་ལ་ལུང་ཕལ་ཆེར་ཞུས་པས། རྗེ་འཇམ་དབྱངས་བསྟན་འཛིན་ཞེས་པ་ཡིན་པས། དེས་བདག་གོ །ཚར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་རྣམ་ཐར་བརྒྱུད་པ་བཀའ་འགྱུར་བ་དང་འདྲའོ། །གཉིས་པི་
༼པའི་༽
མཛད་བྱང་སྐབས་གདུལ་བྱ་སོ་སོའི་མིང་གསལ་ཡོད་པ་རྣམས་སོ། །དེ་ཡང་རིམ་པ་བཞིན་དུ། བླ་མའི་རྣལ་འབྱོར་ནས། བླ་མ་མཆོད་པའི་ཆོ་ག་ཟུང་འཇུག་སྒྲུབ་པའི་ཤིང་རྟ། དགེ་སློང་རིན་ཆེན་རྒྱ་མཚོས་ཞུས་པའི་ཕྱག་རྫོགས་དབུ་གསུམ་གྱི་ངོ་སྤྲོད། ༼ག༽བདེ་མཆོག་ཆོས་རྗེས་ཞུས་པའི་ཡན་ཡག་
༼ལག་༽
བདུན་པའི་སྒོ་ནས་བསག་སྦྱང་བྱེད་རིམ། ༼ག༽ཚར་ཆེན་ལ་བརྟེན་པའི་བླ་མའི་རྣལ་འབྱོར། ༼ ༼ག༽བློ་བཟང་རྣམ་རྒྱལ་གྱི་ངོར་བླ་མ་རྒྱང་འབོད་སྤྱི་གཙུག་པདྨ། བླ་མ་མཆོད་པ་དངོས་གྲུབ་འདོད་འཇོ། ༼ག༽དམིགས་བརྩེ་མའི་བླ་མའི་རྣལ་འབྱོར། ༼ག༽ཆུ་ཁུད་ཨོ་པ་ཤིའི་ངོར་བླ་མའི་རྣལ་འབྱོར་ཉུང་ངུ༌། ༼ག༽རྟ་དཔོན་རྣམ་འཇོམས་ངོར་ཨུ་རྒྱན་བླ་མའི་རྣལ་འབྱོར། ༼ག༽ཨ་པ་ལས་ཀྱིས་ཞུས་ངོར་བླ་མའི་རྣལ་འབྱོར་ལ་བརྟེན་པའི་ཡན་ལག་བདུན་པ། ཞིང་སྐྱོང་ནང་སོའི་ངོར་འཇམ་དབྱངས་ལ་བརྟེན་པའི་བླ་མའི་རྣལ་འབྱོར། རྒྱ་རི་བའི་ངོར་བླ་མའི་རྣལ་འབྱོར། ༼ཀ༽སྐྱིད་ཤོད་ཆོས་རྗེའི་ངོར་དབེན་པ་སྙན་བརྒྱུད་ཀྱི་