R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 400
[A:400]པའི་རེ་སྐོང་བཅོ་བརྒྱད་པས་ཞུས་པའི་བརྒྱུད་པ། རྒྱལ་དབང་ཞབས། རྗེ་འཇམ་དབྱངས་གྲགས་པ། སྤྲུལ་སྐུ་ངག་དབང་དཀོན་མཆོག་ཉི་མ། དེས་བདག་གོ །གནས་བརྟན་བཅུ་དྲུག་གི་མཆོད་པ་རྒྱལ་བསྟན་འཛད་མེད་བརྒྱུད་པ། རྒྱལ་དབང་ཞབས། རྗེ་འཇམ་དབྱངས་གྲགས་པ། ངག་དབང་ནམ་མཁའ། རྗེ་འཇམ་དབྱངས་བསྟན་འཛིན། དེས་བདག་གོ ༈ །གསུམ་པ་མདོ་ཕྱོགས་སོགས་གསུང་རྩོམ་སྣ་ཚོགས་པའི་སྐོར་ནི། བྱང་ཆུབ་ལམ་རིམ་གྱི་ཁྲིད་ཡིག་འཇམ་དཔལ་ཞལ་ལུང༌། བཀའ་བཅུ་བག་དྲོས་ཞུས་པའི་དབུ་མའི་ལྟ་ཁྲིད། སྨན་བླའི་མདོ་ཆོག་ཡིད་བཞིན་དབང་རྒྱལ་རྣམས་ཀྱི་བརྒྱུད་པ་ནི། རྒྱལ་དབང་ཞབས། རྗེ་འཇམ་དབྱངས་བསྟན་འཛིན། དེས་བདག་གོ །དབུ་མ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ལུང་བརྒྱུད་བསྟན་འགྱུར་སྐབས་ནའོ། །དབུ་མའི་ལྟ་ཁྲིད་ཉམས་སུ་ལེན་ཚུལ་ལུང་བརྒྱུད་བླ་མའི་རྣལ་འབྱོར་དང་འདྲའོ། །ལམ་གྱི་གཙོ་བོ་རྣམ་གསུམ་གྱི་མཆན་འགྲེལ་དང༌། དེའི་དགོངས་འགྲེལ་ལུང་རིགས་གཏེར་མཛོད། སོ་ཐར་གྱི་ཚུལ་ཁྲིམས་ལ་དགའ་བའི་དཔྱོད་ལྡན་ཚོགས་ལ་ཕན་བྱེད་ཉུང་ངུ་རྣམ་གསལ་སྒྲོན་མེའི་ལུང་བརྒྱུད། རྒྱལ་དབང་ཞབས། བླ་མ་བློ་བཟང་རྣམ་རྒྱལ། རྗེ་བཙུན་ངག་དབང་བསྟན་འཛིན། དེས་བདག་གོ །བསྙེན་གནས་ཡན་ལག་བརྒྱད་པ་འབོགས་ཆོག་སྙིང་པོ་བསྡུས་པ། ཡན་ལག་བརྒྱད་པའི་ཆོ་གའི་ལག་ལེན་གྱི་སྙིང་པོ་བསྡུས་པ་ནོར་བུའི་ཕྲེང་བ་བཅས་པའི་ལུང་བརྒྱུད། རྒྱལ་དབང་ཞབས། ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ། ཕ་བོང་ཁ་པ་རྗེ་ངག་དབང་བསྟན་འཛིན། དེས་བདག་གོ །ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། བོད་ཀྱི་རྒྱལ་རབས་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན། སྙན་ངག་མེ་ལོང་ཊཱིཀྐ་དབྱངས་ཅན་དགྱེས་པའི་གླུ་དབྱངས་གསུམ་གྱི་བརྒྱུད་པ། རྒྱལ་དབང་