R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 401
[A:401]ཞབས། མཁན་ཆེན་སྦྱིན་པ་རྒྱ་མཚོ། དེས་བདག་གོ །སཙྪ་འདེབས་པའི་ཆོ་ག་ལེགས་ཚོགས་ལྷུན་གྲུབ་ཀྱི་བརྒྱུད་པ། རྒྱལ་དབང་ཞབས། ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ། སྤྲུལ་པའི་སྐུ་མཆོག་ངག་དབང་དཀོན་མཆོག་ཉི་མའི་ཞབས།
ནོར་གླིང་ཡེ་ཤེས་རྣམ་རྒྱལ། བྱམས་པ་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ངག་མིང་ལའོ། །
དེས་བདག་གོ །དཀར་ཆག་ཆེ་བརྗོད་སྡེ་བཞིའི་སྒོ་འཕར་ཕྱེ་བའི་སྐལ་བཟང་གི་ཐོག་མ། ས་མོ་ཡོས་ལོའི་ལོ་ཐོའི་བཤད་པ། དག་བྱེད་གངྒཱའི་ཆུ་རྒྱུན་ནས་བཟུང༌། བཀྲ་ཤིས་ལྷུན་པོའི་དངུལ་གདུང་དེབ་ཀྱི་མགོ་བརྗོད་ཡན་གྱི་བརྒྱུད་པ་ནི། རྒྱལ་དབང་ཞབས། རྗེ་འཇམ་དབྱངས་བསྟན་འཛིན། དེས་བདག་གོ །༼ག༽གོང་གི་འཕྲོས་རིམ་གྲོ་ལྟར་ཆགས་དང་འཕར་མ་སོགས་གཏོང་དེབ་མགོ་བརྗོད་རྫོགས་ལྡན་འགུགས་པའི་ལྕགས་ཀྱུ། ༼ཁ༽གྲ་ཚང་གི་ཁྲོ་བསྒྲུབས་པའི་ཁ་བྱང༌། ༼ག༽ཡང་ཚོགས་ཁྲོའི་ཁ་བྱང་རྣམ་མང་ཐེག་པ། ༼ཁ༽ཡང་ཚོགས་ཁྲོའི་ཁ་བྱང་ཕྱོགས་ལས་རྣམ་རྒྱལ། ༼ཁ༽ཡང་ལེགས་ལྡན་མ། ༼ཁ༽རྣམ་འདྲེན་མ། ༼ང༽བྲིས་ཐང་རྒྱབ་ཡིག་ཚོགས་གཉིས་རོ་བརྒྱ། ༼ག༽རྗེ་ཁྲ་ཚང་པའི་གསན་ཡིག་འགོ་
༼མགོ་༽
བརྗོད་ཆོས་ཕུང་ཆུ་བོ་འདུ་བ། ༼ག༽སྒྱུ་འཕྲུལ་རྩ་རྒྱུད་སྤར་བྱང༌། ༼ང༽རིག་གནས་ཀུན་ཤེས་དང་གྲུབ་མཐའ་ཀུན་ཤེས་སྤར་བྱང༌། ༼ང༽༼ང༽གོ་ཤཱཀ་རྩོད་ལན་སྤར་བྱང༌། ༼ཁ༽བདེ་གཤེགས་སྙིང་པོའི་མཛེས་རྒྱན་དང་གནས་རྙིང་པའི་ཡིག་བཅའ་འགའི་སྤར་བྱང༌། ༼ག༽བསམ་དར་བས་བཀའ་འགྱུར་བཞེངས་པའི་དཀར་ཆག་སྨོན་ལམ། ༼ག༽པཎ་ཆེན་རིན་པོ་ཆེའི་དངུལ་གདུང་གཙང་ཁང་བཅས་པའི་གཉེར་གཏད་བསྔོ་སྨོན། ༼ང༽བྱང་གླིང་རྒྱལ་པོས་བཀའ་འགྱུར་བཞེངས་པའི་དཀར་ཆག་སྨོན་ལམ། ༼ང༽འུ་དུ་སུ་ཆོས་རྗེས་བཀའ་འགྱུར་བཞེངས་པའི་སྨོན་ལམ། ༼ག༽འབྲས་སྤུངས་གཙང་ཁང་གི་མཆོད་རྫས་དེབ་ཀྱི་མགོ་བརྗོད། ༼ང༽པཎ་ཆེན་རིན་པོ་ཆེའི་དགོངས་རྫོགས་