R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 403
[A:403]ལམ། ༼ཀ༽ལྷ་ས་ཁང་བསར་བས་བཀའ་འགྱུར་བཞེངས་པའི་སྨོན་ལམ། ༼ཀ༽དབུ་མཛད་ཀྱིས་མཚན་བརྒྱད་བྲིས་ཐང་རྒྱབ་ཡིག །༼ཀ༽སྟག་ལུང་པས་དགོངས་རྫོགས་བཀའ་འགྱུར་སྨོན་ལམ། ༼ཀ༽སློབ་དཔོན་ཆེན་པོའི་གསོལ་འདེབས་ལེའུ་བདུན་མ་རྗེ་འབངས་གཏེར་བཏོན་བཅས་པའི་གསོལ་འདེབས་སྤར་བྱང༌། ༼ཀ༽ངམ་རིང་དུ་བཀའ་འགྱུར་བཞེངས་པའི་སྨོན་ལམ། ༼ཀ༽ཚར་ཆེན་གྱིས་མཛད་པའི་ཀྱེ་རྡོར་བསྐྱེད་རིམ་དང་དབང་ཆུ་གསལ་བྱེད་སྤར་བྱང༌། ༼ཀ༽ར་མོ་ཆེའི་སྐོར་ཚད་སྨོན་ལམ། ༼ཅ༽རྣམ་གླིང་དུ་བཀའ་འགྱུར་བཞེངས་པའི་སྨོན་ལམ། ༼ཅ༽པ་སྣམ་དུ་བཀའ་འགྱུར་བཞེངས་པའི་སྨོན་ལམ་དཀར་ཆག །༼ཀ༽འབྲང་རྒྱས་བཤག་པས་བཀའ་འགྱུར་བཞེངས་པའི་སྨོན་ལམ། ༼ཅ༽ཡང་བཀའ་འགྱུར་བཞེངས་པའི་སྨོན་ལམ། ཀའི་རྟགས་ཅན་རྒྱལ་དབང་ཞབས། རྗེ་འཇམ་དབྱངས་གྲགས་པ། ངག་དབང་ནམ་མཁའ། རྗེ་འཇམ་དབྱངས་བསྟན་འཛིན། དེས་བདག་གོ །ཁའི་རྟགས་ཅན། རྒྱལ་དབང་ཞབས། འཇམ་དབྱངས་དཔལ་བཟང༌། རྗེ་འཇམ་དབྱངས་གྲགས་པ་མན་འདྲ། གའི་རྟགས་ཅན། རྒྱལ་དབང་ཞབས། རྗེ་འཇམ་དབྱངས་བསྟན་འཛིན། དེས་བདག་གོ །ངའི་རྟགས་ཅན། རྒྱལ་དབང་ཞབས། ངག་དབང་མཁྱེན་བརྩེ། རྗེ་འཇམ་དབྱངས་གྲགས་པ། ངག་དབང་ནམ་མཁའ། རྗེ་འཇམ་དབྱངས་བསྟན་འཛིན། དེས་བདག་གོ །ཅའི་རྟགས་ཅན། རྒྱལ་དབང་ཞབས། ཕུན་ཚོགས་དབང་པོ། རྗེ་འཇམ་དབྱངས་གྲགས་པ་མན་འདྲའོ། ༈ །གོང་གི་དཀར་ཆག་འཕྲོས་པོ་ཏ་ལའི་ལི་མ་ལྷ་ཁང་གི་བྲིས་ཐང་དེབ་ཀྱི་མགོ་བརྗོད་ངོ་མཚར་སྒྱུ་འཕྲུལ་གར་མཁན། ནས། ཨེ་མ་ཤེས་བྱ་ཡན་གྱི་བརྒྱུད་པ་ནི། རྒྱལ་དབང༌། རྗེ་འཇམ་དབྱངས་གྲགས་པ་མན་འདྲ། ལྷ་སའི་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང་དང༌། རྩིས་དཀར་ནག་དྲིས་ལན་བརྒྱུད་པ། རྒྱལ་དབང་