R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 404
[A:404]ཞབས། རྗེ་འཇམ་དབྱངས་བསྟན་འཛིན། དེས་བདག་གོ ༈ །ཆབ་ཤོག་དབུ་ནས་བཟུང༌། སྤར་ཤོག་བདུན་ཅུ་དོན་བཞིའི་བར་གྱི་བ་སོ་སྤྲུལ་སྐུ་རིན་པོ་ཆེས་རྣམ་ཐར་བསྐུལ་བ་གནང་ཞུ་ལན་ཆབ་ཤོག་ཡན་གྱི་བརྒྱུད་པ་ནི། རྒྱལ་དབང་ཞབས། སྤྲུལ་སྐུ་ངག་དབང་དཀོན་མཆོག་ཉི་མ། དེས་བདག་གོ །བླ་མ་ཡི་དམ་བྱང་སེམས་ཆོས་སྲུང་ལ་སྙན་དར་འཕན་བླ་རེ་སོགས་ཕུལ་བའི་ཞལ་བྱང་བསོད་ནམས་མ་དྲོས་མཚོ་ཆེན་ཞེས་པའི་ནང་གི་མྱོས་ལྡན་ས་མོ་ཡོས་ལོའི་གནམ་ལོ་གསར་དུ་ཚེས་པའི་འདོད་ཁམས་དབང་ཕྱུག་མའི་གསོལ་མཆོད་ཀྱི་ཚེ་ཕུལ་བའི་སྙན་དར་ཞལ་བྱང་ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ནས་བཟུང༌། རྒྱ་ནག་ཏུ་ཉིད་ཀྱིས་རྡོ་རྗེ་སློབ་དཔོན་མཛད་ནས་གྲ་ཚང་དུ་ཕུར་པ་ལྷ་ནག་གི་སྒྲུབ་པ་བཙུགས་དུས་ཕུལ་བའི་ཁ་ཡིག་བདུད་དཔུང་ཕྱེ་མར་འཐག་པའི་ཐོག་མདའ་ཡན་གྱི་བརྒྱུད་པ་ནི། རྒྱལ་དབང་ཞབས། རྗེ་འཇམ་དབྱངས་བསྟན་འཛིན། དེས་བདག་གོ །དེའི་འཕྲོས་ལྕགས་ཕག་ཕན་བདེ་ལེགས་བཤད་གླིང་པར་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་སྙན་དར་སུམ་བརྒྱ་ཙམ་གོང་བཅས་ཕུལ་བའི་ཁ་བྱང་ལེགས་བྱས་དཀར་ཆའི་ཟླ་འཕེལ་ནས་བཟུང༌། མེ་འབྲུག་ས་ག་ཟླ་བའི་ཐོག་མདོས་བསྐང་འབུམ་ཐེར་བཙུགས་པའི་སྙན་དར་ཞལ་བྱང་ལས་བཞི་ལྷུན་གྲུབ་ཡན་གྱི་བརྒྱུད་པ་ནི། རྒྱལ་དབང་ཞབས། རྗེ་འཇམ་དབྱངས་གྲགས་པ། སྤྲུལ་སྐུ་ངག་དབང་དཀོན་མཆོག་ཉི་མ། དེས་བདག་གོ ༈ །སྨོན་ལམ་ཤིས་བརྗོད་བརྟན་བཞུགས་སོགས་ཀྱི་ཚིགས་བཅད། རབ་དཀར་དགེ་བའི་ཆུ་ཀླུང་ནས་བཟུང༌། དཀོན་མཆོག་ཆོས་འཕེལ་གྱིས་རྗེ་ཙོང་ཁ་པའི་སྐུ་བཞེངས་པའི་བསྟོད་སྨོན་རྒྱལ་བ་ཀུན་མཁྱེན་པ་ནས་བཟུང༌། ཟུར་ཆོས་དབྱིངས་རང་གྲོལ་གྱི་སྤྲུལ་སྐུ་མྱུར་འབྱོན་གསོལ་འདེབས། སྨན་སྒོམ་འབྲང་རྒྱས་པའི་ཁ་བཏོན་ཡན་གྱི་བརྒྱུད་པ་