R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 43
[A:43]གྱིས་མཛད་པ་སོགས་སྔར་རྡོ་རྗེ་གདན་དུ་ལུང་རྒྱུན་མ་བྱུང་ཞིང༌། ཕྱིས་བླ་མ་ལྷ་དབང་ཕྲིན་ལས་ཀྱིས་ཀྱང༌། སྒྱི་ཆུར་མ་གསན་གསུང་ངོ༌། ༈ །སྤོད་ནག་མ་ཞེས་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ། དེ་ལ་བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བ། ལུས་དཀྱིལ་བྱིན་བརླབས་འབེབས་ཆོག །ལམ་དུས་དབང་གི་ཉམས་ལེན། བླ་མའི་རྣལ་འབྱོར་སྒོམ་
འདི་ལ་བླ་མ་ལ་བརྟེན་ནས་དངོས་གྲུབ་རྣམ་གཉིས་སྒྲུབ་པ་ཟེར་སེང་གེ་རྒྱལ་མཚན་དང་སྲས་པས་བསྐུལ་ལོ་
ཐབས། བླ་མའི་རྣལ་འབྱོར་སེང་གེ་རྒྱལ་མཚན་གྱི་ཞུས་ལན། བླ་མའི་རྣལ་འབྱོར་གྱི་མན་ངག་མདོ་སྟོད་པ་ཆོས་རྒྱལ་འོད་ཟེར་གྱིས་ཞུས་པ། གཞུང་ཇི་ལྟ་བ་བཞིན་བཀྲི་བའི་ཁྲིད་ཡིག་སྦས་དོན་གསལ་བ། གནད་དྲུག་གིས་བཀྲི་བའི་ཁྲིད་རིམ་གསལ་བྱེད་གནད་ཀྱི་ལྡེ་མིག །གནད་བཅུ་གཅིག་གིས་བཀྲི་བའི་ཁྲིད་ཀྱི་གསལ་བྱེད་གནད་ཀྱི་སྒོ་འབྱེད། དབང་པོ་རབ་འབྲིང་གསུམ་བཀྲི་བའི་ཁྲིད་ཀྱི་གསལ་བྱེད་ཉུང་ངུ་རྣམ་གསལ། སྙན་བརྒྱུད་ཅེས་པ་སྣང་གསུམ་རྐང་དོན་དུ་བཀྲི་བ། ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་རྣམ་པར་བཤད་པ་མན་ངག་གི་མཛོད་དེ། དེ་ལྟར་ཡིག་ཆ་བཅུ་གཉིས་པོའི་ལུང་དང༌། ༈ ལམ་སྐོར་ཕྱི་མ་བརྒྱད་དུ་གྲགས་པའི་ལུང་དང༌། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་ཁྲིད་དང༌། བརྡའ་ཆིག་བརྒྱུད་མན་ངག་བཤད་མཛོད་ནས་ཚུལ་གོང་བཞིན་དང༌། རྡོ་རྗེའི་ཚིག་རྐང་དོན་འགྲེལ་འཕགས་པ་རིན་པོ་ཆེས་མཛད་པ། ཐེག་ཆེན་པས་མཛད་པ་ལམ་དབང་རྒྱས་འབྲིང་བསྡུས་གསུམ་ལེན་ལུགས་དང༌། ཐེག་ཆེན་པའི་ལམ་འབྲས་གསོལ་འདེབས་འདི་ཀའི་ཁ་བསྐོང་དང་བཅས་པ་སྟེ། དེ་དག་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ནས། རྗེ་བཙུན་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་ཡན། རྗེ་བཙུན་ཡེ་ཤེས་དབང་པོ་