R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 44
[A:44]ལ། ཉི་གླིང་རྗེས་གསན་པ་དང་འདྲ་ལ། ཡང༌། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། མཁས་གྲུབ་རིག་པའི་གློག་ཕྲེང༌། འཇམ་དབྱངས་བྱང་ཆུབ་དབང་གི་རྒྱལ་པོ། པཎ་ཆེན་བདེ་བའི་རྡོ་རྗེ། རྗེ་ལྷ་དབང་ཕྲིན་ལས། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་ལའོ། ༈ །ཕྱིས་སྒྱི་ཆུ་བ་དང་ཆུ་བོ་ཉིས་བསྲེས་བརྒྱུད་ལུགས་གསུམ་བྱུང་བའི་དང་པོ་ནི། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ། རྗེ་བཟང་པོ་རྒྱལ་མཚན། རྗེ་རྒྱལ་མཚན་དཀོན་མཆོག །བྱམས་པ་རྡོ་རྗེ་རྒྱལ་མཚན། རྗེ་དཀོན་མཆོག་དཔལ་བ། མཁན་ཆེན་བྱམས་པ་ཆོས་དཔལ་འབྱོར། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། དཔལ་ཤཱཀྱ་ཀུན་དགའ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། ཡང་ན། དཔལ་ཤཱཀྱ་ཀུན་དགའ། བླ་ཆེན་ཡེ་ཤེས་དབང་པོ། ཉི་གླིང་རྗེ། དེས་བདག་གོ །ཡང་ན་བྱམས་པ་ཆོས་དཔལ་འབྱོར། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། པཎ་ཆེན་བདེ་བའི་རྡོ་རྗེ། བླ་མ་ལྷ་དབང་ཕྲིན་ལས། ཉི་གླིང་རྗེ། དེས་བདག་གོ rDzong pa lineage །གཉིས་པ་ནི། བཀའ་དྲིན་མཚུངས་མེད་ལྷ་དབང་ཕྲིན་ལས་ཀྱིས། རྡོ་རྗེ་གདན་དུ་ཕྲ་མོ་དང༌། སྤོད་ནག་མ། ལམ་སྐོར་ཕྱི་མ་བརྒྱད་ཅུང་མ་རྫོགས་པས། སྒྱི་ཆུར་
ཕྱི་ནང་གི་དབང་ནས་ལམ་འབྲས་ལམ་སྐོར་ཕྱི་མ་བརྒྱད་
ལམ་སྐོར་ནང་མ་དང་བཅས་ཡོངས་རྫོགས་གསན་པའི་བརྒྱུད་པ་ནི། ཨེ་ཝཾ་གཉིས་མེད་ལྷན་སྐྱེས་རྡོ་རྗེ་འཆང༌། །དབྱིངས་དང་ཡེ་ཤེས་གཉིས་མེད་བདག་མེད་མ། །འཁོར་འདས་གཉིས་མེད་ས་དབང་བིརྺ་པ། །བདེ་སྟོང་གཉིས་མེད་གྲུབ་ཆེན་ནག་པོ་པ། །གྲག་སྟོང་གཉིས་མེད་ཌ་མ་རུ་པའི་ཞབས། །གཟུང་འཛིན་གཉིས་མེད་ཨ་ཝ་དྷཱུ་ཏི་པ། །འཕོ་བས་མཁའ་སྤྱོད་འགྲུབ་པ་ག་ཡ་དྷར། །བོད་ཡུལ་བསྟན་འགྲོའི་མིག་མཁན་བླ་ཆེན་འབྲོག །ཐུབ་གསུང་རྒྱ་མཚོའི་མཛོད་