R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 46
[A:46]སུ། ཞ་ལུ་མཁན་རིན་པོ་ཆེས་ལུ་ཕུའི་མཁན་པོ་ངག་དབང་དཔལ་བཟང་ལ་ཆེད་གཏད་གསན་ནས། རྡོ་རྗེ་གདན་འདིར་མཁན་ཆེན་དགེ་བའི་དབང་པོ་དང༌། སློབ་དཔོན་རྣམ་པ་དང༌། བདག་ཅག་རྣམས་ཀྱིས་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། ༈
རྗེ་བཙུན་མུ་སྲད་པའི་དཀར་ཆག་ལས།
གསལ་བྱེད་རྗེས་འབྲང་གི་ཡི་གེ་ལ་བཞི་སྟེ། ས་ཆེན་གྱི་ཡི་གེ་གསལ་བྱེད། ས་པཎ་གྱི་ཡི་གེ་གསལ་བྱེད། འཕགས་པའི་ཡི་གེ་གསལ་བྱེད། གཉག་མ་ཆ་ལག་དང་བཅས་པའི་གསལ་བྱེད་དེ། དང་པོ་ལ་ཡི་གེ་དྲུག་སྟེ། ལུས་དཀྱིལ་དབང་ཆོག་གི་གསལ་བྱེད་རི་ཁྲོད་བློ་བརྟན་གྱི་ལུས་དཀྱིལ་དབང་ཆོག །ཉམས་ཆེན་སོགས་ཀྱི་གསལ་བྱེད་གགས་སེལ་བརྡ་འགྲོལ་ཆེ་ཆུང་གཉིས། དཀར་སྟོན་མའི་གསལ་བྱེད་བར་ཆད་རྣམ་གསུམ་གསལ་བ། བཀའ་རྒྱ་མའི་གསལ་བྱེད་ན་བཟའ་པའི་དབྱུག་ཆོས། དབང་བཞི་ངོ་སྤྲོད་ཀྱི་གསལ་བྱེད་ངོ་སྤྲོད་བྱིན་བརླབས་ལག་ལེན་བར་སྟོན་མའོ། །གཉིས་པ། ས་པཎ་གྱི་ཡི་གེ་གསལ་བྱེད་ལའང་དྲུག་སྟེ། ཁྲིད་ཀྱི་དཀར་ཆག་གི་གསལ་བྱེད་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་ཟིན་བྲིས། ཆོས་རྗེ་གཟུངས་པས་བླ་མ་ཀླུ་པ་ལ་གནང་བའི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ། ལམ་སྦས་བཤད་ཀྱི་གསལ་བྱེད་སྦས་བཤད་ལག་ལེན་ཟིན་བྲིས། ཕྲ་གྲུབ་ཀྱི་གསལ་བྱེད་གྲུབ་ཆེན་དང་ཕྲ་མོའི་ཞལ་ཤེས་ཟིན་བྲིས་ཆེ་ཆུང་གཉིས། ཆེ་བ་འདི་ལ་ཁ་ཅིག་གིས་བུངྔྷ་ཤྲཱིས་བྱས་པའི་སྦྱར་བྱང་བྲིས་པ་སྣང་མོད། ཡི་གེ་རྙིང་མ་ཡིན་པས་ཕྱིས་སུ་བྱས་པ་མ་ཡིན་ནོ། །བརྡའ་དོན་གསལ་བའི་འགྲེལ་པའི་གསལ་བྱེད་ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་གྱི་ཟིན་བྲིས་སོ། །གསུམ་པ་འཕགས་པའི་ཡི་གེ་གསལ་བྱེད་གཅིག་སྟེ། བིར་བསྲུང་གི་གསལ་བྱེད་བསྲུང་བ་གསུམ་དང་སྦྱར་བ། འདི་ནི་ངེས་པ་མི་འདུག་ཀྱང་འཕགས་པའི་དེར་སྦྱར་བདེ་བས་