R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 45
[A:45]འཛིན་ཀུན་རིག་པ། །རྫུ་འཕྲུལ་སྤྲུལ་བསྒྱུར་མངའ་བརྙེས་ཞང་ཆོས་འབར། །བིརྺས་དངོས་སུ་འདོམས་པའི་བརྩེ་ཆེན་ཞབས། །འཇའ་ལུས་བདེ་ཅན་སར་གཤེགས་བསོད་ནམས་རྩེ། །གསེར་འོད་རྣམ་བརྩེན་འཚང་རྒྱ་རྗེ་བཙུན་གྲགས། །ཤེས་དང་ཤེས་བྱ་གཅིག་གྱུར་པཎྜི་ཏ། །འཛམ་གླིང་བསྟན་སྲིད་མངའ་བདག་འཕགས་པའི་ཞབས། །ཉམས་མྱོང་ཟླ་བ་རྒྱས་པའི་དཀོན་མཆོག་དཔལ། །མཁའ་མཉམ་བལྟ་བ་མངའ་བའི་བྲག་ཕུག་པ། །གཉིས་སྤངས་སྤྱོད་མཛད་བསོད་ནམས་རྒྱལ་མཚན་ཞབས། །མཐུ་སྟོབས་བྱིན་བརླབས་གཏེར་མཛོད་གཟུངས་ཀྱི་དཔལ། །ལྷུན་གྲུབ་ཕྲིན་ལས་བཟང་པོའི་རྒྱལ་མཚན་བསྒྲེང༌། །རྒྱལ་བའི་མྱུ་གུ་རྒྱལ་མཚན་དཀོན་མཆོག་དཔལ། །དབང་རྒྱུད་མན་ངག་བདག་པོ་རྡོར་རྒྱན་པ། །གཞུང་ལུགས་རབ་འབྱམས་སྨྲ་བ་དཀོན་མཆོག་དཔལ། །བསྟན་པའི་གཞུང་འཛིན་ལྷ་དབང་བློ་གྲོས་རྗེ། །མཁས་གྲུབ་མང་ཐོས་རབ་གསལ་བསྟན་འགྲོའི་གསོས། །ཟབ་གསལ་གཉིས་མེད་རྟོགས་པའི་བཟང་པོ་བཀྲ། །ཐུགས་རྗེ་བྱམས་པ་ཡོན་ཏན་ལྷུན་གྲུབ་པ། །བཀའ་དྲིན་མཉམ་མེད་ལྷ་དབང་ཕྲིན་ལས་རྗེ། །རྡོ་རྗེ་འཆང་དབང་ཚུལ་ཁྲིམས་བཀྲ་ཤིས་ལ། །སྐོམ་པ་བཏུང་བ་འདོད་ལྟར་བདག་གིས་ཐོབ། །འདི་ལ་ཉི་གླིང་རྗེའི་གསན་ཡིག་བསྒྲིག་དུས། སྒྱི་ཆུའི་ལུགས་ཀྱི་གསན་ཡིག་ཁུངས་མ་ཕྱག་ཏུ་མ་འབྱོར་བས་ཐུགས་དོགས་བཟོས་ནས་སླར་ཞིབ་ཏུ་དཔྱད་དགོས་ཚུལ་གསུངས་པ་ལྟར། མཁན་བརྒྱུད་དང་འདྲེས་འདུག་པས། སྒྱི་ཆུའི་གསན་ཡིག་ཁུངས་མ་བཞིན་བཀོད་དེ། དེ་ལ་ཡང་བརྒྱུད་པ་མཐའ་ཡས་ཤིག་འདུག་པ་སླར་བྲི། ཉི་གླིང་རྗེའི་ཞལ་སྔ་ནས་རྗེས་འབྲང་ཉེར་གསུམ་པོ་དང་ཚར་གསུམ་ཁུག་པ་དང༌། ཨཥྟའི་བྱད་བཟློག་རྟེན་འབྲེལ་ལྔ་སྲུང་རྣམས་འདིར་དགོས་པ་ཆེ་ཚུལ་ཡང་ཡང་གནང་བའི་དགོངས་རྫོགས་