R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 54
[A:54]ཞེས། རྡོ་རྗེ་འཆང་ཚུལ་ཁྲིམས་ཞབས་ཀྱི་གསན་ཡིག་ན་ཐུགས་དོགས་ཟོས་པ། ལུ་ཕུ་བླ་བྲང་གི་ཕྱག་དཔེ་ན། མཚོ་སྐྱེས་རྡོ་རྗེས་མཛད་པ་ག་ཡ་དྷ་ར་དང༌། འབྲོག་མིས་བསྒྱུར་བའི་དཔེ་ཚན་གཅིག་འདུག་པས་གསན་ཡིག་རྒྱ་མཚོ་དང་མཐུན་ནོ། །དེའི་ལུང་ཐོབ་པའི་བརྒྱུད་པ་ནི། འབྲོག་མི། གསལ་སྙིང༌། སྒྱི་ཆུ་བ། ས་ཆེན། རྩེ་མོ། གྲགས་པ། ས་པཎ། གྲུབ་ཐོབ། ལ་རུ། དེ་གཉིས་ལ་མཁན་པོ་གྲགས་པ་དཔལ། བླ་མ་མགོན་པོ་དཔལ། དེ་གཉིས་ལ་རིན་པོ་ཆེ་གྲགས་ཚུལ། མཁན་ཆེན་རྒྱལ་བཟངས། ཐེག་ཆེན་པ་མན་གོང་བཞིན་ནོ། ༈ །རྗེས་འབྲང་ཉེར་གསུམ་གྱི་ཞར་ལ་རྗེ་བཙུན་མུ་སྲད་པའི་དཀར་ཆག་གི་ལུང་དང༌།
རྗེ་བཙུན་མུ་སྲད་པའི། ཀྱེ་རྡོར་རྒྱུད་ཀྱི་དཀར་ཆག་དང༌། མན་ངག་གི་དཀར་ཆག་ཚིགས་བཅད་མ་དང༌། ཕྲ་མོ་གླེགས་བམ་གྱི་དཀར་ཆག་རྣམས་ཀྱི་ལུང་བརྒྱུད་ནི་བྱམས་པ་ཡོན་ཏན་ལྷུན་གྲུབ་ཡན་དབང་བརྒྱུད་བཞིན། དེ་ལ་མཁན་ཆེན་བྱམས་པ་བཟང་པོ། འབུམ་ཆེན་ཀུན་དགའ་དཔལ་འབྱོར། རྗེ་ངག་དབང་དཔལ་བཟང༌། ཞ་ལུ་མཁན་ཆེན། དེས་བདག་གོ །
དེའི་ནང་བཞིན་རྗེ་བཙུན་རིན་པོ་ཆེས་མཛད་པའི་ཟུར་གསུངས་ཀྱི་ཡི་གེ་བཞི་ཚར་གསུམ་ཁུག་པ་ལན་གཉིས། ཨཥྟའི་བྱད་བཟློག །གོ་ཆ་ལྔ་སྲུང་རྣམས་ཀྱི་བྱིན་བརླབས་ཐོབ།
བརྒྱུད་པ་དབང་དང་འདྲའོ། །
ལམ་སྐོར་ལྷག་མ་བརྒྱད་ཀྱི་གསལ་བྱེད་ཡི་གེ་བདུན་པོ། ལམ་སྐོར་ཟིན་བྲིས་བར་སྟོན་མ། བསམ་གྱིས་མི་ཁྱབ་ཀྱི་ཟིན་བྲིས། ཡི་གེ་མེད་ཀྱི་ཁྲིད། གནད་དུ་ཆེ་བ་དྲུག །ལམ་སྐོར་འབྱུང་ཁུངས། བསམ་མི་ཁྱབ་ཀྱི་ལོ་རྒྱུས། བསམ་མི་ཁྱབ་ཀྱི་བྱིན་བརླབས་དང་སྒོ་དྲུག་ཆོས་འབྲེལ་དེ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་རྗེས་འབྲང་ཉེར་གསུམ་བཞིན། མཁན་ཆེན་ཞ་ལུ་པའི་བཀའ་དྲིན་ལས་ཐོབ་བོ། །དྲི་ལན་རྨོངས་པའི་མུན་སེལ་གྱི་ལུང་ལན་གཉིས་ཐོབ་པའི་