R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 55
[A:55]བརྒྱུད་པ་ནི། འཇམ་དབྱངས་བྱང་ཆུབ་དབང་གི་རྒྱལ་པོ། ཐུགས་སྲས་རིམ་གྲོ་པ་ཤཱཀྱ་ཀུན་དགའ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྗེ་རྣམ་རྒྱལ་དཔལ་བཟང༌། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་ལའོ། །བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བའི་ཁ་སྐོང༌། ལམ་འབྲས་འཆད་ཐབས། ཆེས་གསང་བའི་ཡང་ལེན་རྣམས་ཀྱི་ལུང་བརྒྱུད་ནི། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། རྡོ་རྗེ་རྣམ་འཇོམས་བིར་ལུགས་ལྷ་བདུན་ཅུ་དོན་ལྔའི་དབང་བཞི། མན་ངག་ལུགས་ཀྱི་དབང་ཆུ། བྲག་ཐོག་པའི་ངག་འདོན། ཉི་གླིང་རྡོ་རྗེ་འཆང་གི་མངོན་རྟོགས་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། འཇམ་དབྱངས་ས་པཎ། འགྲོ་མགོན་འཕགས་པ། ཞང་དཀོན་དཔལ། ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། མཁས་གྲུབ་རྣམ་རྒྱལ་རིན་ཆེན། བླ་མ་ཤཱཀྱ་ཀུན་དགའ། བླ་ཆེན་ཡེ་ཤེས་དབང་པོ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་བསོད་ནམས་མཆོག་ལྡན།
ཆོས་རྗེ་ཕྲིན་ལས་རྣམ་རྒྱལ། བྱམས་པ་བསྟན་པ་རྒྱ་མཚོ། བླ་མ་བཀྲ་ཤིས་དོན་འགྲུབ། ཆོས་རྗེ་ཕུན་ཚོགས་རྣམ་རྒྱལ། ཆོས་རྗེ་དཀོན་མཆོག་སྦྱིན་པ། བཀའ་དྲིན་མཚུངས་མེད་བྱམས་པ་ཕུན་ཚོགས་ཆོས་འཕེལ། དེས་བདག་ངག་དབང་ཚུལ་ཁྲིམས་རྒྱལ་མཚན་ལའོ། །
དེས་བདག་གོ །ཡང་ན་རྗེ་བཙུན་གྲགས་པ། ནུབ་པ་རིག་འཛིན་གྲགས། སྐྱོ་སྟོན་དྲི་མེད། བླ་མ་དྷརྨ་ཡེ་ཤེས། བླ་མ་གཞོན་ཚུལ་བ། མཁན་ཆེན་