R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 56
[A:56]ཤེས་རྡོར། ཡང་ན། རྗེ་བཙུན་ས་པཎ། ཁང་སྟོན། ཀུན་བསོད། གན་པ་རིན་རྒྱལ། ཆོས་རྗེ་བླ་མ། འདི་ལ། ས་པཎྜི་ཏའི་རྣམ་བཤད་བདུད་རྩི་སྤེལ་བ། ནུབ་པ་རིག་འཛིན་གྲགས་ཀྱི་ཡིག་ཆ་དང་བཅས། ཀྱེ་རྡོར་དབང་ཆོག་མན་ངག་ལུགས་ནས་གཞི་ལྷས་ཏེའོ། ༈ །རྡོ་རྗེ་རྣམ་འཇོམས་ལྷ་དོན་ལྔའི་བྱིན་བརླབས་དབང་བཞིའི་ཚུལ་གྱི་ཡི་གེ་ནཱ་ལེནྡྲ་པ་ཀུན་དགའ་ཆོས་གྲགས་ཀྱིས་མཛད་པ་ནས་བྱིན་བརླབས་དང་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་རྣམ་འཇོམས། བིརྺ་པ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ། ས་སྐྱ་པཎ་ཆེན། སྐྱོ་སྟོན་དྲི་མེད། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། གན་པ་རིན་ཆེན་རྒྱལ་མཚན། འགྲོ་མགོན་བསོད་ནམས་རྒྱལ་མཚན། ཤར་ཆེན་ཡེ་རྒྱལ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། དེ་གཉིས་ཀ་ལ་མཁྱེན་རབ་རིན་ཆེན་མཆོག་གྲུབ། སེམས་དཔའ་ཆེན་པོ་ངག་དབང་ཆོས་གྲགས། བྱམས་པ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། རྩ་བའི་བླ་མ་ངག་དབང་ལྷུན་གྲུབ། དེས་བདག་གོ །ཡང་ན་རྗེ་བཙུན། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་རྒྱལ། འགྲོ་མགོན་བསོད་ནམས་རྒྱལ་མཚན་མན་སྔ་མ་བཞིན་ནོ། །ཡང་ན། སྐྱོ་དར་མ་རིན་ཆེན། བག་སྟོན་གཞོན་ཚུལ། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུངྔྷ་ཤྲཱི། ངོར་ཆེན་མན་གོང་བཞིན་ནོ། ༈ །དཔལ་རྡོ་རྗེ་གདན་བཞི་རྣལ་འབྱོར་ནམ་མཁའ་ལྷ་དགུ་བཅུ་རྩ་བདུན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྔོག་རིན་ཆེན་དཔལ་བཟང་གི་ཡིག་ཆའི་སྟེང་ནས་
པཎ་ཆེན་བྱམས་པ་གླིང་པའི་ཡིག་ཆ་དང་སྒོ་བསྟུན་ཞེས་པ་གསལ་
དབང་ཐོབ་པའི་བརྒྱུད་པ་ནི།
རྡོ་རྗེ་འཆང༌། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་བ། ཏི་ལོ་པ། ནཱ་རོ་