R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 67
[A:67]༼ཁ༽ ༈ གཉིས་པ་ཤེས་རབ་གཙོ་བོར་སྟོན་པ་རྣལ་འབྱོར་ཆེན་པོ་མ་རྒྱུད་ལས། སློབ་དཔོན་ཆེན་པོ་ལཱུ་ཧྀ་པའི་ལུགས་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་འཕགས་པའི་མངོན་རྟོགས་ཐེག་ཆེན་པའི་དཀྱིལ་ཆོག་སྟེང་ནས་ཐོབ་ཅིང༌། འཁོར་ལོ་བདེ་མཆོག་ལ་ལོ་ཙཱ་བའི་བཤད་སྲོལ་བཅུ་བཞི། ཁྱད་པར་ལཱུ་ཧི་པའི་མན་ངག་ལ། བརྒྱུད་པའི་ཆུ་བོ་དྲུག་འདུས་པའི། དང་པོ་རྗེ་བཙུན་ས་སྐྱ་པའི་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི་པ། ལཱུ་ཧི་པ། དཱ་རི་ཀ་པ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལན་དྷ་ར། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་པར་རྒྱལ་བའི་ཞབས། ཏི་ལོ་པ། ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། བླ་མ་མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། བླ་མ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ །བུ་སྟོན་རིན་པོ་ཆེ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། བླ་མ་བདེ་མཆོག་པ་བསོད་ནམས་བཟང་པོ། བཟད་པ་རིན་རྒྱལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ། འཁྲུལ་ཞིག་བློ་གྲོས་ཐོགས་མེད། ཡོངས་འཛིན་ཤཱཀྱ་ཀུན་དགའ། བླ་མ་དགེ་འདུན་ལེགས་གྲུབ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་ཕྲིན་ལས་པར་གནང་བའོ། །འདི་ལ་གསན་ཡིག་མང་པོར་འཕགས་པ་མེད་པའི་ལུགས་དང༌། དཔལ་ལྡན་སེང་གེ་ཆད་པའི་སྐྱོན་བདག་གིས་བསལ་བས་ལུགས་འདི་ལེགས་སོ། །ཡང༌། བློ་གྲོས་ཐོགས་མེད་ཀྱི་གསན་ཡིག་ལས་རྡོ་རྗེ་གདན་པ་རང་ལ་གསན་ཚུལ་འདུག་པས། བར་དེར་རྡོ་རྗེ་སློབ་དཔོན་ནམ་མཁའ་རིན་ཆེན་ལ་ལར་