R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 68
[A:68]འདུག་ཀྱང་འདིར་དབྱུང་ངོ༌། །ཡང༌། རྗེ་བཙུན་གྲགས་པ། དམར་ཆོས་རྒྱལ། མངའ་རིས་ཀྱི་སྟོན། ཐུར་ལ་བ། ཐང་པེ་བ། གསེར་སྡིངས་པ། ཀུན་མཁྱེན་ཆོས་འོད། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེའོ། །ཡང༌། ས་པཎ། འུ་ཡུག་པ་བསོད་སེང༌། བླ་མ་སངས་རྒྱས་འབུམ། ཡང༌། དམར་ཆོས་རྒྱལ། མི་ཉག་ཆོས་རྒྱལ། མི་ཉག་རྡོར་གྲགས། ལྕེ་མདོ་སྡེ་སེང་གེ །སྟོན་ཤཱཀྱ། ལྕེ་བློ་ལྡན་འཕགས་འོད། ཡང༌། བླ་མ་དཔལ་ལྡན་པ། བླ་མ་བྲག་དམར་བ། བདེ་མཆོག་པ། མགོན་ཤེས་པ། བཟད་རིན་ནོ། །ཡང༌། ལུགས་གཅིག་ལ། ས་པཎྜི་ཏ། ཡང༌། དགོན་པ། ལོ་རས་ཆོས་སྐྱོང་རྒྱལ་མཚན། མཁན་པོ་རྡོ་རྗེ་རིན་པོ་ཆེ། བླ་མ་དར་བཟངས། རི་ཁྲོད་པ། བླ་མ་བདེ་ལེགས་དཔལ། འཚལ་མིན་པ། མཁན་ཆེན་སེང་གེ་དཔལ། བྲག་ཐོག་ཆོས་རྗེའོ། །ཡང༌། རྗེ་བཙུན་གྲགས་པ། དགེ་སློང་བློ་གྲོས་བརྟན་པ། རྒན་མོ་ལྷས་པ། ཤངས་སྟོན། ཁྱུང་པཽ་ཇོ་བཙུན། བླ་མ་ཁམས་སེ། བྱར་མེད་བློ་བདེ། འཚལ་མིན་པའོ། །ཡང༌། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། ལཱུ་ཧི་པ། དཱ་རི་ཀ་པ། ཨ་ལ་ལ་བཛྲ། བལ་པོ་ཡེ་རང་པ། བྱར་མེད་བློ་བདེ། འཚལ་མིན་པའོ། །གཉིས་པ་ཇོ་བོ་ལུགས་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ཙཎྜི་ཀ་པ། བྲམ་ཟེ་མེ་ཀོ་པ། ལཱུ་ཧི་པ། དཱ་རི་ཀ་པ། བྲམ་ཟེ་སྡོམ་པ་བཟང་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ །དེ་ལ་ལོ་ཆེན་རིན་བཟངས་དང༌། ནག་ཚོ་གཉིས་ཀྱིས་གསན། དེ་གཉིས་ལ་འལ་པ་སྟོན་མགོན་དང༌། འལ་པ་ཇོ་ཚུལ་གཉིས་ཀྱིས་གསན། ཇོ་ཚུལ་ལ། སྒོམ་པ་མང་སྒོམ། སྦས་པ་སྤངས་སྣ་བ། མི་རེག་བ་དར་མ་བྱང་ཆུབ། རིན་ཆེན་རྒྱལ་པོ། བླ་མ་གྲགས་པ་དཔལ། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེའོ། །ཡང༌། རྡོ་རྗེ་