R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 80
[A:80]༼ག༽ ༈ རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་ལ་མི་བསྐྱོད་པ་སོགས་རིགས་དྲུག་ལས། མི་བསྐྱོད་པའི་རིགས། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་འཕགས་པ་ཀླུ་སྒྲུབ་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར། མངོན་རྟོགས་ཐེག་ཆེན་པ། དཀྱིལ་ཆོག་འཕགས་པ་རིན་པོ་ཆེའི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། རྒྱལ་པོ་བི་སུ་ཀལྤ། བྲམ་ཟེ་ཆེན་པོ་ས་ར་ཧ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། དེ་ལ་སློབ་མའི་མཆོག་ཨཱརྻ་དེ་ཝ། ཤཱཀྱ་བཤེས་གཉེན། ཀླུའི་བྱང་ཆུབ། ཟླ་བ་གྲགས་པ་སྟེ་བཞིས་ཞུས། བཞི་ཀ་ལ་སློབ་པའི་རྡོ་རྗེ། དེ་ནས་ནག་པོ་སྤྱོད་པ། ས་འདྲེས་པ་ཆེན་པོ། དེ་ལ་མར་མེ་མཛད། དེ་ཝ་ཨ་ཀ་ར་ཙནྡྲ། བི་དྱཱ་བྷ་དྲ་གསུམ་གྱིས་གསན། གསུམ་ག་ལ་འགོས་ཁུག་པ་ལྷས་བཙས། ཡང་ན། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ཀླུའི་རྣལ་འབྱོར་མ། བི་སུ་ཀལྤ། ས་ར་ཧ། ཀླུ་སྒྲུབ། འཕགས་པ་ལྷ། ཟླ་བ་གྲགས་པ། སློབ་པའི་རྡོ་རྗེ། ས་འདྲེས་པ། དཔལ་སྦས། བིརྱཱ་བྷ་དྲ། འགོས་ཁུག་པ་ལྷས་བཙས། དབུས་པ་གེ་སེར། གནམ་ཁའུ་པ་སྐུ་མཆེད། བླ་མ་ས་སྐྱ་པ་ཆེན་པོ། ཁའུ་པ་རྡོ་རྗེ་བདུད་འཇོམས། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། ཤོང་ལོ་ཙཱ་བློ་གྲོས་བརྟན་པ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ །མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ། མཁས་གྲུབ་རིག་པའི་གློག་ཕྲེང༌། འོད་གསལ་རྩེ་པ་བླ་མ་མ་ཎི་བཛྲ། བླ་མ་དམ་པ་ཡེ་ཤེས་དབང་པོ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་