R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 81
[A:81]ཤིས། མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་མངའ་བདག་རིན་ཆེན་རྒྱ་མཚོ།
བྱམས་པ་བསྟན་པ་རྒྱ་མཚོ། སྒྱི་ཆུ་མཁན་བློ་གྲོས་དབང་ཕྱུག །བླ་མ་ཀུན་དགའ་དར་རྒྱས། མཁན་པོ་བསྐལ་བཟང་དགེ་ལེགས། དགེ་ལེགས་འཇམ་དབྱངས་བསྟན་འཛིན། མཚུངས་མེད་བསྟན་འཛིན་ཚུལ་ཁྲིམས། དེས་བདག་བཱ་གི་མིང་ཅན་ལའོ། །
དེས་བདག་གོ །ཡང་ན་རྡོ་རྗེ་འཆང༌། ཕྱག་རྡོར། ཀླུ་སྒྲུབ། ཨཱརྱ་དེ་ཝ། ཤཱཀྱ་བཤེས་གཉེན། ཟླ་བ་གྲགས་པ། རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་ཟེར་འབྱུང་གནས་གྲགས་པ། འོད་མཛད་ལྷ། ཆོས་ཀྱི་འབྱུང་གནས་ཞི་བ། བི་ཁྱཱ་ཏ་དེ་ཝ། ཁ་ཆེ་པཎ་ཆེན། ས་པཎྜི་ཏའོ། །ཡང༌། རྡོ་རྗེ་འཆང༌། ཀླུ་སྒྲུབ། ཏི་ལོ་པ། ནཱ་རོ་པ། མར་པ། ཚུར་སྟོན་དབང་ངེ༌། འཁོན་གད་པ་ཀཱིརྟི། འགར་སྟོན། གཉེན་རྩེ་བ། གོ་ལུང་པ་ཡེ་རྒྱལ། རོང་སྟོན་མཁན་པོ། ཕུག་རི་པ་བྱང་ཆུབ་གཟུགས། ཤོང་བློ་བརྟན། ལོ་མཆོག །ཡང༌། རྡོ་རྗེ་འཆང༌། བྱང་སེམས་བློ་གྲོས་རིན་ཆེན། ཀླུ་སྒྲུབ་བོ། །ཡང༌། ལོ་མཆོག །དཔལ་ལྡན་སེང་གེ །མཁན་ཆེན་ཤེས་རྡོར་རོ། ༈ །དཔལ་གསང་འདུས་འཇམ་དཔལ་རྡོ་རྗེ་ལྷ་བཅུ་དགུ་སངས་རྒྱས་ཡེ་ཤེས་ཞབས་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར། མངོན་རྟོགས་འཕགས་པ་རིན་པོ་ཆེ། དཀྱིལ་ཆོག་ཐེག་ཆེན་པའི་སྟེང་ནས་བརྒྱུད་པའི་བཀའ་བབས་དྲུག་དང་ལྡན་པའི་དབང་བཞི་རྫོགས་པར་ནོས་པའི་ལོ་ཆེན་རིན་ཆེན་བཟང་པོ་ནས་བརྒྱུད་པ་ནི། འཇམ་དཔལ་དབྱངས་དང་གཉིས་སུ་མེད་པའི་སློབ་དཔོན་ཨ་ཝ་དྷཱུ་ཏི་པ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ཀུན་དགའ་སྙིང་པོ། ཐ་ག་ན། ཤཱནྟི་པ། ཤྲངྔྷ་ཀཱ་ར་ཝརྨྨ། པདྨ་ཀཱ་ར་ཝརྨ། དེ་གཉིས་ཀ་ལ་ལོ་ཆེན་རིན་ཆེན་བཟང་པོ། རྐྱང་པོ་ཆོས་བློ། དགེ་བཤེས་སྐྱབས་