R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 82
[A:82]སེང༌། རྡོ་རྗེ་སྲ་བརྟན། དཀོན་མཆོག་འབར། དགེ་བཤེས་དབང་རིན་པ། ཁམས་པ་ས་ཕུག་པ་ཤཱཀྱ་རྡོ་རྗེ། རོང་པ་ཆོས་མགོན། ལོ་མཆོག་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ །བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ལོ་ཙཱ་བ་སྐྱབས་མཆོག་དཔལ། བླ་མ་ནམ་མཁའ་འོད་ཟེར། ལོ་ཆེན་ཤེས་རབ་རིན་ཆེན། ཐམས་ཅད་མཁྱེན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ། མཁས་གྲུབ་རིག་པའི་གློག་ཕྲེང༌། འཇམ་དབྱངས་གྲགས་པའི་བ་དན། རྗེ་བཙུན་ཚེ་དབང་ཀུན་མཁྱེན། བླ་ཆེན་ཡེ་ཤེས་དབང་པོ། སློབ་དཔོན་ཤཱཀྱ་བསམ་གྲུབ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། རྩ་བའི་བླ་མ་རིན་ཆེན་རྒྱ་མཚོ།
དགེ་སློང་ཀུན་དགའ་དངོས་གྲུབ། བྱམས་པ་བསྟན་པ་རྒྱ་མཚོ། དགེ་སློང་དོན་གྲུབ་རྣམ་རྒྱལ། བླ་ཆེན་ཀུན་དགའ་ཆོས་འཕེལ། སླུ་མེད་ཀུན་དགའ་ཆོས་དར། རིགས་ཀུན་ཁྱབ་བདག་བྱམས་པ་ཕུན་ཚོགས་ཆོས་འཕེལ། དེས་བདག་ཚུལ་ཁྲིམས་རྒྱལ་མཚན་ལའོ། །
དེས་ཕྲིན་ལས་པ་ལའོ། །ཡང་ན། བླ་མ་དཔལ་ལྡན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་སེམས་དཔའ་ཆེན་པོ། སྐུ་ཞང་ཆོས་རྗེ་ནམ་མཁའ་མཆོག་གྲུབ། བཀའ་བཞི་པ་རིན་ཆེན་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། མཁན་ཆེན་རིག་འཛིན་རྒྱལ་པོ། བླ་ཆེན་ཆོས་རིག་རྒྱལ་མཚན། བླ་མ་བསོད་ནམས་དཔལ་འབྱོར། འཇམ་དབྱངས་བྱང་གླིང་ཆོས་རྗེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། རྡོ་རྗེ་འཆང་རིན་ཆེན་རྒྱ་མཚོ། དེས་བདག་གོ །ཡང་ན། འཇམ་དཔལ། ཡེ་ཤེས་ཞབས། མར་མེ་མཛད། ཐ་ག་ན། བྷུ་ཤ་ན་པ། ངག་དབང་གྲགས་པ། བྷི་ལ་ཤཱནྟི། བྷིཾ་ག་ར་པཱ་ད། ཤྲཱངྔྷ་ཀ་ར་ཝརྨ། ལོ་ཙཱ་