R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 95
[A:95]ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད། བཛྲ་སཏྭ། པྲ་ཀཱ་ཤ་ཙནྡྲ། རཱ་ཧུ་ལ། དཔའ་བོ་ཏ་ཕ་ལ། ཛྙཱ་ན་བཛྲ། པྲཛྙཱ་སིདྡྷིཿ དེ་བཞི་ཀ་ལ་ཨཱ་ནནྡ་གརྦྷ། པྲཛྙཱ་བ་ལི་ཏ། སུ་བྷཱུ་ཏི་པ་ལི་ཏ། དྷརྨ་པཱ་ལ། ལོ་ཆེན་རིན་བཟངས། གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གཉལ་པ་ཉི་མ་ཤེས་རབ། གནུར་ཉི་མ་འོད་ཟེར། རྩ་སྐྱ་སྟོན་གྲགས། སློབ་དཔོན་ཤཱཀྱ་འབུམ། དབུས་པ་སངས་རྒྱས་འབུམ། བླ་མ་ཆོས་འོད། བླ་མ་འཕགས་འོད། བུ་སྟོན། ཡང༌། སུ་བྷཱུ་ཏི་པ་ལི་ཏ་ནས། པྲཛྙཱ་བོ་དྷི། མུཀྟི་ཀོ་ཥ། དྷརྨ་པཱ་ལའོ། །ཡང༌། རྩ་སྐྱ་སྟོན་གྲགས། མཉམ་ཁད་པ་རྒྱ་གར་འཕན། བླ་མ་ཤཱཀྱ་འབུམ། ཡང༌། བླ་མ་དབུས་པ་སངས་རྒྱས་འབུམ། ལོ་མཆོག །བླ་མ་དཔལ་ལྡན་སེང་གེ །བུ་སྟོན་ནོ། །ཡང༌། རྡོ་རྗེ་དབྱིངས་ཀྱི་དབང་ཁ་ལ། དཀྱིལ་ཆོག་རྡོ་རྗེ་འབྱུང་བའི་ལུགས་ཀྱི་རྒྱས་འབྲིང་བསྡུས་གསུམ་དང༌། འགྲེལ་ཆེན་དེ་ཉིད་སྣང་བ་ནས་འབྱུང་བའི་དབང་ཤིན་ཏུ་རྒྱས་པ་ལུགས་གཉིས་ཀྱི་དང་པོ་ནི། བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་དཀྱིལ་ཆོག་རིན་ཆེན་བསམ་འཕེལ་ལ། བྱང་གླིང་པ་ཆོས་རྗེ་དབོན་རྒྱལ་བས་མཛད་པའི་ལྷན་ཐབས་སྦྱར། དབང་ཆོག་གསལ་བྱེད་རྒྱས་པ་ཤར་ཆེན་སློབ་དཔོན་ཆེན་པོ་ཡེ་ཤེས་རྒྱ་མཚོས་མཛད་པ་དང༌། བསྡུས་པ་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེས་མཛད་པའམ། ཆོས་རྗེ་དབོན་རྒྱལ་བས་མཛད་པའི་སྟེང་ནས་འཇུག་པ་སྔོན་དུ་འགྲོ་བའི་རྡོ་རྗེ་སློབ་མའི་དབང་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་སོགས་ཕྱག་རྒྱ་གསང་བར་གདམས་པ། དཀྱིལ་འཁོར་མཆོད་པ། བཙའ་རུའི་བཟའ་བའི་བར་སྨིན་རྒྱས་སུ་ཐོབ་པའི་སྨད་ལུགས་སུ་གྲགས་པའི་དབང་གི་བརྒྱུད་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད། དཔལ་ལྡན་རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། རྒྱལ་བུ་སྒྲ་གཅན་འཛིན། དཔའ་