R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 96
[A:96]བོ་ཏ་ཕ་ལ། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིདྡྷི། དེ་བཞི་ཀ་ལ་སློབ་དཔོན་ཀུན་དགའ་སྙིང་པོ། པྲཛྙཱ་ཝ་ལི་ཏ། རབ་འབྱོར་སྐྱངས། ཤྲདྡྷ་ཀཱ་ར་ཝརྨ། སངས་རྒྱས་ཞི་བ། བོད་ཡུལ་མུན་པའི་སྒྲོན་མེ་ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། དེ་གཉིས་ཀ་ལ་སྒྱང་རོ་བ་རྐྱང་པོ་ཆོས་བློས་གསན། མཁྱེན་རབ་ཆོས་རྗེ་དང༌། རིན་ཆེན་རྒྱ་མཚོའི་གསན་ཡིག་ན། རྐྱང་པོ་ཆོས་བློ་ལ། སུམ་སྟོན་གྱིས་གསན་འདུག །ལོ་ཆུང་ལ་སུམ་སྟོན་ཡེ་འབར་དང༌། ལྕེ་ཞར་བ་གཉིས་ཀྱིས་གསན། དེ་གཉིས་ལ་སྟག་ཚལ་གདོང་སྔོན་གྱི་སྤྲུ་སྟོན་འབར་ཐོག །རོ་སྨད་ལྷ་སྟེང་གི་རྩངས་ཡང་དག་རྡོ་རྗེ། རྩངས་སྟོན་སྨྲ་སེང༌། ལྕེ་མདོ་སྡེ་སེང་གེ །ཀུན་མཁྱེན་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོ། མཁས་གྲུབ་ལོ་ཙྪ་བ་རིན་ཆེན་རྣམ་རྒྱལ། ལྕཻེ་བཙུན་རིན་ཆེན་ནམ་མཁའ་མཆོག་གྲུབ། ཆོས་རྗེ་རིན་ཆེན་དཔལ་གྲུབ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། བྱང་གླིང་པ་རིན་ཆེན་རྒྱལ་པོ། སྐུ་ཞང་བསོད་ནམས་མཆོག་གྲུབ། བྱང་གླིང་འཇམ་དབྱངས་བཀྲ་ཤིས་རྒྱལ་མཚན། ལྷ་འོ་བ་རྡོ་རྗེ་འཆང་རིན་ཆེན་རྒྱ་མཚོ་དཔལ་བཟང་པོ། དེས་མཁན་རིན་པོ་ཆེ་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་ཕྲིན་ལས་པ་ལའོ། ༈ །ཟངས་དཀར་ལུགས་ནི། ཡང༌། བཅོམ་ལྡན་འདས་རྣམ་སྣང༌། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི་ཆེ་བ། བར་མ། ཆུང་བ། འཕགས་པ་ཀླུ་སྒྲུབ། ཀླུའི་བྱང་ཆུབ། ཡེ་ཤེས་རྡོ་རྗེ། ཀུན་དགའ་སྙིང་པོ། རབ་དབྱིངས་བཤེས་གཉེན། པདྨ་ཀཱ་ར། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་ཤེས། ཟངས་དཀར་ལོ་ཙཱ། འཕགས་པ་ཤེས་རབ་བམ་གཞོན་ནུ་ཚུལ་ཁྲིམས། ཀློག་སྐྱ་སེང་གེ་རྒྱལ་མཚན་ལ། སྤྱང་ཚང་སྟོན་པ་རྩེ་མོ་དང༌། ཇོ་ཤེས་གཉིས་ཀྱིས་གསན། དེ་གཉིས་ལ་རྩངས་ཡང་དག་རྡོ་རྗེ། རྩངས་སྟོན་སྨྲ་སེང་