R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༣༦
[A:༣༦]༄༅༅། །ན་མཿཤྲཱི་མངྶངྒུ་རུ་བྷཱུ་མཱི་པཎྜུ་དྷརྨ་རཱ་ཛ་མ་ཧཱ་པ་ཏི་བཛྲ་དྷ་ར་མ་ཏི་དྷྭ་ཛ་ཤྲཱི་བྷ་དྲ་པཱ་དཱ་ཡ། བདག་ཆེན་ཆོས་ཀྱི་རྒྱལ་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གཞལ་དུ་མེད་པའི་ཡིད་བཞིན་གྱི་ཆུ་གཏེར་ཆེན་པོ་ལས་འོངས་པའི་གཏམ་དུ་བྱ་བ་ཡིད་འཕྲོག་ཨུཏྤལའི་དོ་ཤལ་ཞེས་བྱ་བ། རྗེ་བཙུན་དམ་པ་དེ་ཉིད་ཀྱི་ཞབས་རྡུལ་དྲི་མ་མེད་པ་ལ་ལན་ཅིག་མ་ཡིན་པར་ཡང་དང་ཡང་དུ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། འཇམ་དབྱངས་མཁྱེན་བརྩེའི་ཡིད་བཞིན་ཆུ་མཚོ་ལས། །ལེགས་འོངས་བློ་གྲོས་འདབ་སྟོང་བཞད་པའི་རྩེར། །ལུང་རྟོགས་སྦྲང་རྩིའི་རྒྱལ་མཚན་ཆེར་མཐོ་བའི། །རྗེ་བཙུན་པད་དཀར་དབང་