R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༣༧
[A:༣༧]པོར་སྙིང་ནས་འདུད། །མཁྱེན་ཡངས་ལྔ་རིག་རྒྱ་མཚོའི་གཏིང་མཐའ་སུས་ཀྱང་གཞལ་བར་མི་སྤྱོད་ཅིང༌། །རིམ་གཉིས་ལམ་གྱི་རྟོགས་པ་མཐར་སོན་གྲུབ་པའི་དབང་ཕྱུག་ཁྱོད་ཉིད་ཀྱི། །ཞབས་སེན་འཆར་ཀའི་འོད་ཕྲེང་དང་འགྲོགས་དངོས་གྲུབ་བདུད་རྩིའི་དཔལ་ཡོན་ནི། །ལྷར་བཅས་རལ་པའི་ནགས་སུ་གར་བྱེད་ཨེ་མ་ཧོ་ཕུན་ཚོགས་ཀུན་གྱི་གཏེར། །གང་གི་ཡོན་ཏན་ཡིད་བཞིན་རྒྱ་མཚོའི་ལྗོངས། །རིང་ནས་ཞུགས་པའི་བདག་ཡིད་ལག་ལྡན་དབང༌། །མཁས་མང་གཞན་གྱི་སྤྱོད་ཚུལ་རྫིང་བུ་ལ། །ངོ་མཚར་འཛིན་པའི་བློ་དེ་དོར་བར་གྱུར། །ཡིད་འོང་ཆར་སྤྲིན་གཞོན་ནུས་མཁའ་ཁྱབ་ཅིང༌། །འབྲུག་སྒྲ་དལ་གྱིས་དགོད་པའི་མདུན་ས་རུ། །མདོངས་ལྡན་དགའ་མ་མཐོན་པོའི་མིག་བསྐྱོད་ནས། །འཇོ་སྒེག་གར་གྱིས་ཅི་ཡང་རྩེ་བ་ལྟར། །མགོན་པོ་ཁྱོད་ཀྱི་རྨད་བྱུང་ངོ་