[A:༡༢བ][...]Author Colophon, 12b2-4
བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བསྟན་བཅོས་བཞི་བརྒྱ་པའི་ཚིག་ལེའུར་བྱེད་པ་ཞེས་བྱ་བ། །སིང་གྷ་ལའི་གླིང་དུ་པདྨའི་སྦུབས་ལས་བརྫུས་ཏེ་འཁྲུངས་ཤིང། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། ཡང་དག་པ་དང། ཡང་དག་པ་མ་ཡིན་བའིཔའི་ལྟ་བ་རྣམ་པར་འབྱེད་པས་དབུ་མའི་ལམ་རབ་ཏུ་གསལ་བར་མཛད་པ། འཕགས་བཔ་ཀླུའི་ཞབས་ཀྱི་སྲས་སུ་གྱུར་པའི་སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ༎ ༎ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དབུརདབུང། རིན་ཆེན་སྦས་པའི་ཀུན་དགའ་ར་བར། རྒྱ་གར་གྱི་མཁན་པོ་སུ་སྨ་ཛཱ་ན་དང ། བོད་ཀྱི་ལོ་ཙྪ་བ་ཞང་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ༎ ༎རབ་ཏུ་བྱེད་པ་བཅུ་དྲུག་ཤུ་ལོག་བཞི་བརྒྱ། བམ་པོ་གཅིག་དང་སུམ་ཆར་བྱས་པའོ། ༎
Carving Colophon, ff. 12b5-13a5
༄༅། །སྭསྟི །
གང་ཞིག་སྲིད་དང་ཞི་བར་རྟོག་འགྲོ་པབ།
།ཀུན་ལ་མཁའ་ལྟར་ཁྱབ་པའི་ཐུགས་རྗེ་ཡིས།
།རྨད་བྱུང་རྟེན་འབྲེལ་ཟབ་མོའི་ལམ་སྟོན་པ།
།མཉམ་མེད་ཟས་གཙང་སྲས་ལ་མགོས་ཕྱག་འཚལ།
།གནས་གསུམ་ཤེས་བྱའི་མཁའ་ལ་ཐོགས་མེད་བརྒྱུ །
།མཐར་འཛིན་སྤྲིན་གྱི་ཚོགས་ཀུན་ཉེར་ཞི་བ།
།ཀླུ་སྒྲུབ་འཕགས་པ་ལྷ་ཞེས་ས་གསུཾ་ན།
།གསལ་བའི་འོད་དཀར་གཡོ་བས་བདག་སྐྱོངས་ཤིག
།དེ་དང་གསུང་རབ་ཡོངས་སུ་སྨིན་པ་དང །
།རྣམ་པར་གྲོལ་ལམ་གསལ་བར་སྟོན་པ་ཅན།
།རྣམ་དག་རྟེན་འབྱུང་ཟབ་མོའི་གཏམ་བཟང་འདི།
།མཐའ་ཡས་སྐྱེ་འགྲོའི་མིག་ཏུ་འགྱུར་རེ་ཞེས།
།བློ་བཟང་བསྟན་པའི་ཉི་མའི་གསུང་ཟེར་ལས།
།མངོན་པར་འབྱུང་བ་རྗེས་སུ་ཐོས་པའི་ཚེ།
།དྲིན་ཅན་ཕ་མ། གཉིས་ཀྱི་བཀའ་དྲིན་གང །
། རྣམ་དཀར་ཡིད་ལ་གནས་པ་གསོ་ཕྱིར་དང །
།མི་དབང་སྐུ་འཁོར་རིང་དུ་ཞབས་བརྟན་ཞིང །
སྲིད་འདིར་བདེ་ལེགས་ཡུན་རིང་གནས་པ་དང །
།ཕྱོགས་བཅུར་རྒྱལ་བའི་བསྟན་པ་ལེགས་འཛིན་པའི།
།བཤེས་གཉེན་རྣམས་ལ་སྐྱེས་སུ་བསྒྲུབ་བྱའི་ཕྱིར།
།དཔོན་སྐྱབས་རྣམ་སྤྱོད་འབྱོར་པ་མི་དམན་ཞིང།
དད་པའི་སྤུ་ལོང་ཆེས་ཆེར་གཡོ་