R822: བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༡༣ན
[A:༡༣ན]༄༅༅། །བ་ཅན། མི་དབང་ས་སྐྱོང་ཆེན་པོའི་བཀའ་ལུང་གིས། །རིག་བྱེད་འཛིན་པའི་གཙོ་བོར་དབང་བསྐུར་ཞིང། །རྣམ་བཀྲ་ཡིད་ལ་གནས་པའི་གཟུགས་བརྙན་མཆོག་ །སྐྱོན་གྲལ་ལག་པའི་རྩེ་མོར་འགོད་པ་གང། །འཇིག་རྟེན་བྱེད་པོའི་ཡིད་ལས་སྤྲུལ་པ་ལྟའི། །ཡ་མཚན་བརྒྱ་ཕྲག་འཛིན་པའི་མཁས་པ་དེས། །དབང་པོའི་ལྷ་ལས་དགེ་མཚན་མི་དམན་ཞིང། །སྟོབས་ལྡན་དཔུང་བཞི་འཛོམ་པའི་སྐུ་རིང་ལ། གོང་དཀར་ས་འཛིན་དཀར་པོའི་ཕོ་བྲང་དེར། །དྲི་མེད་ལྗོན་པའི་ངོས་ལ་སྤར་དུ་བཀོད། །དད་པས་འགྲོ་ཀུན་གཏམ་འདིར་དད་གྱུར་ཅིང། །མཐར་འཛིན་ཡིད་ཀྱི་མུན་ནག་ཞི་བ་དང། །ཤེས་བྱའི་དེ་ཉིད་བལྟ་བའི་མིག་ཐོབ་ནས། །ཐམས་ཅད་གཟིགས་པའི་གོ་འཕང་དེར་བགྲོད་ཤོག །འདི་ནི་ཚུལ་བཞིན་འབྱེད་པའི་རྣམ་སྦྱོད་ཀྱིས། །ཤེས་བྱའི་གནས་ལ་བདེ་བར་རབ་བརྒྱུ་བ། ཐུ་བཙུན་སྨྲ་བའི་ཉི་མས་གཞུང་མང་ལ། །རིང་དུ་འདྲིས་པར་བགྱིས་ནས་དག་པར་བསྒྲུབས། ༐ ༎སླར་ཡང་གཞུང་དག་་དུ་མ་དང། །འགྲེལ་པའི་ཚིག་དོན་རྣམས་བསྟུན་ནས་ཡིག་སྡེབས་དང་བཅས་པ་བཅོས་ཤིང། །དོན་བསྡུའི་ཚིགས་བཅད། གཞུང་དུ་ཚུད་པ་རྣམས་མ་འདྲེས་པར་བྱས་ཏེ། དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་ཤིན་དུཏུ་དག་པར་བགྱིས་སོ། །ཡི་གེ་པ་ནི་ནམ་མཁའ་བཟང་པོས་བཟབས། །ཤཀྱའིཤཱཀྱའི་དགེ་སློང་ཡོན་ཏན་འོད་ལ་སོགསsrc: ལ་སོགས་ is rendered in abbreviated form། །མཁས་པ་ཕུལ་ཕྱིན་རྣམས་ཀྱིས་ལེགས་པར་བརྐོས། Wish Verses །འདིས་མཚོན་རབ་འབྱམའབྱམས་དགེ་ཚོགས་མཆོད་སྦྱིན་རྒྱས། །གནས་ལུགས་ལྟ་བའི་མིག་སྟོང་གཡོ་མེད་ཅིང། །ཏིང་འཛིན་རྡོ་རྗེས་མཐར་ལྟའི་ལྷ་མིན་བཅོམ། །རྣམ་འདྲེན་བདེ་བྱེད་དཔལ་ལ་རོལ་བར་ཤོག། ༎ཕྱོགས་དུས་གནས་སྐཀས་ཐམས་ཅད་དུ་དགེ་ལེགས་ཆེན་པོས་ཁྱབ་པའི་རྒྱུར་གྱུར་ཅིག། ༎མངགལ་བྷཝསྟུ༎