R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༩༨
[A:༩༨] གཏུམ་སྟོན་བློ་གྲོས་གྲགས་སོགས་ཚོགས་པ་སུམ་སྟོང་དྲུག་བརྒྱ་རེ་བསྐྱངས་པའི་ནང་ནས་ཐུགས་སྲས་བཞིར་གྲགས་ཏེ། བྱིན་རླབས་ཀྱི་བཀའ་བབས་འཆད་ཀ་བ་ཡེ་ཤེས་རྡོ་རྗེ་འདིས་བློ་སྦྱོང་དོན་བདུན་མའི་རྩ་བ་མཛད། གཞུང་བཤད་ཀྱི་བཀའ་བབས་སྟབས་ཀ་བ་དར་མ་གྲགས། བྱང་སེམས་ཀྱི་བཀའ་བབས་འོད་འཇོ་བ་གཞོན་ནུ་ཡོན་ཏན། ལོངས་སྤྱོད་ཀྱི་བཀའ་བབས་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་དང་བཞིའོ། པུ་ཏོ་བའི་རྗེས་ལ། ཇོ་བོ་ཨ་ཏི་ཤ་བྱོན་པ་སྔ་སྟེ། དེ་ཡང་སུམ་སྟོང་བརྒྱ་དང་གྱ་བདུན་འདས་པའི་གྱ་བརྒྱད་པ་ཤིང་ཕོ་རྟ་(ཤིང་མོ་ལུག)
སྤྱི་ལོ་༡༠༥༥
ལ་ཇོ་བོ་བོད་དུ་བྱོན། ལོ་འདི་ཕྱི་དར་ས་མོ་བྱ་ནས་བརྒྱ་དང་ལྔ་འདས་པ་དྲུག་ཏུ་སླེབ་པའི་ལོ་དེ་ཡིན་ཞིང་། དེའི་ཚེ་ལོ་ཆེན་རིན་བཟང་གིས་བརྒྱད་ཅུ་རྩ་ལྔ་
ན་རོ་འདས་ནས་ལོ་བཅོ་ལྔ་སོང་འདུག་
འབྲོག་མི་དྲུག་ཅུ་རྩ་གཉིས། མར་པས་ཞེ་གསུམ། འབྲོམ་སྟོན་གྱིས་སོ་བརྒྱད། འཁོན་དཀོན་མཆོག་རྒྱལ་པོས་ཉེར་གཅིག། མི་ལས་བཅོ་ལྔ། ག་ཡ་དྷ་ར་བོད་དུ་བྱོན་ནས་བཅུ་བཞི། པོ་ཏོས་བཅུ་གཉིས་ལོན་ཞིང་། གླང་ཐང་པ་སྐུ་བལྟམས་པ་ཙམ་མོ།
འོ་ན་ཇོ་བོ་སྤྱན་ཇི་ལྟར་དྲངས་ཤིང་། བསྟན་པ་ཇི་ལྟར་སྤེལ་སྙམ་ན། བོད་ཀྱི་ཆོས་རྒྱལ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས། རང་གིས་སྐུའི་འཚོ་བ་འདི་ཉིད་ཀྱི་སླད་དུ་བཏང་ཞིང་། དེ་ཉིད་སླད་དུ་ཐོབ་པའི་དབྱིག་གཞལ་དུ་མེད་པ་ཡོན་དུ་བགྱིས་ཏེ། དེའི་ལྷག་བསམ་རིན་པོ་ཆེའི་རྒྱུན་ལྟར་བཙུན་པ་བྱང་ཆུབ་འོད་ཀྱིས་སྦྱོར་བས་བཟུང་ནས་སྤྱན་དྲངས་པ་ནི་འདི་ལྟར་ཡིན་ཏེ། སྟོད་ཀྱི་མགོན་གསུམ་ལས་ཁྲི་བཀྲ་ཤིས་མགོན་གྱིས་སྲས་ཁོ་རེ་དང་སྲོང་ངེ་གཉིས་ཀྱི། ཁོ་རེ་ལ་