[A:༡༢༤] ལས་སྟོད་པ་ཆེན་པོས་ཤངས་གཞོང་གཞོང་དུ་ཁྱུང་པོའི་དྲུང་དུ་བྱོན། བདེ་མཆོག་རང་མགོན་པོའི་ཞལ་གཟིགས་ཤིང་བཀའ་བབས། མཻ་ཏྲི་པའི་ཐུགས་དམ་མགོན་ཐང་། ད་ལྟར་ཤངས་ལོ་མར་གྲགས་པ་དེ། བླ་མ་ཤངས་པས་གནང་བ་མ་བཞེས་པར་བྱེ་མདར་ཕེབས་ནས་གྲོ་གསོལ་བའི་ཚེ། ཐང་སྐུ་ནམ་མཁའ་ནས་ལས་སྟོད་དཀོན་མཁར་གྱི་ཐུ་བར་བྱོན་པ་ད་ལྟ་གནས་སྙིང་ན་བཞུགས་པའོ།
ཆེ་བ་བདུན་པ། འབྲེ་ཤེས་རབ་འབར་གྱི་གདན་སའི་ཆེ་བ་ནི། འབྲེ་ཆེན་པོས་ལས་སྟོད་པ་ཆེན་པོ་ལ་གདན་ས་གཏད་དེ། འཇའ་སས་བཅད་པའི་གནས་སྙིང་གི་ས་ཆ་དང་། བྲེའི་ཁྱད་འཕགས་བཅུ་གསུམ་གྱིས་གཙོས་པའི་དངོས་སྤྱད་ཐམས་ཅད་གནང་བ་སྟེ། ཁྱད་འཕགས་བཅུ་གསུམ་ནི། གསེར་སྐུ་ཐུབ་པ་དམར་པོ། བླ་འབུམ་སྐྱ་སྤོད་(པོད) རྣམ་གསུམ། གསེར་འབུམ་བྱིན་རླབས་ཆར་འབེབས། འབྲེའི་བླ་གདུགས་དཀར་པོ། ཆོས་དུང་བཀྲ་ཤིས་དར་ལུང་། བླ་ཡོལ་འགྲན་ཟླ་ཀུན་བྲལ། སྦུག་ཆལ་ཉི་མ་རྒྱང་གྲགས། བུམ་པ་བཀྲ་ཤིས་མཇིང་རིང་། བེར་སེང་གེ་མཇིང་སྣོལ། དཀར་ཡོལ་ཟླ་བ་ཁྲོན་ཆུང་། གྲུམ་སེ་གནམ་སྔོན་མོ། བསེ་སྒ་བཀྲ་ཤིས་འོད་འབར། ཆིབས་པ་ངང་པ་འཕུར་ཤེས་དང་བཅུ་གསུམ་མོ།
ཆེ་བ་བརྒྱད་པ། བསྟན་སྲུང་མ་ཧཱ་ཀ་ལའི་ཞལ་བཞེས་ཀྱི་ཆེ་བ་ནི། དེའི་ཚེ་ལས་སྟོད་པའི་དགོངས་པ་ལ། མཁན་པོའི་དགོངས་པ་མི་མ་གྲོལ། དུས་སྙིགས་མའི་སྡེ་དགོན་དང་མི་དམངས་ཀྱི་འགོ་ཇི་ལྟར་འདོན་ནམ་སྙམ་པའི་ཚེ། ཆོས་སྐྱོང་ཕྱག་དྲུག་པ་ཞལ་མངོན་སུམ་དུ་བསྟན་ཏེ་ཐུགས་འཕྲིག་མི་འཚལ། དགོན་པའི་བདག་དང་གཉེར་ང་རང་གིས་བྱེད་གསུངས་ཞལ་གྱིས་བཞེས་པའོ།
ཆེ་བ་དགུ་པ། སློབ་མའི་མཆོག་གྱུར་གྲུབ་ཐོབ་རྣམ་གསུམ་གྱི་ཆེ་བ་ནི།